འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགོག་སྲུང་འཛིང་རགས་དང་པོ་བརྟན་དུ་གཏོང་བའི་ཁྲོད་ཀྱི་གནམ་གཤིས་ཀྱི་ཚན་རིག་ཁྱབ་གདལ་གྱི་ནུས་པ་གལ་ཆེན་གང་ལེགས་བཏོན་ནས། གནམ་གཤིས་ཚན་རྩལ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྔར་བས་སྐུལ་འདེད་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་དང་ཉེན་གཡོལ་རང་སྐྱོབ་ཀྱི་འཇོན་ནུས་ཆེ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར་མཛོ་སྒང་རྫོང་གནམ་གཤིས་ཅུས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་དབྱར་རྩྭ་དགུན་འབུ་འཐུ་རིང་གི་ཐོག་འགོག་དང་གནོད་འཚེ་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
མཛོ་སྒང་རྫོང་གནམ་གཤིས་ཅུས་ཀྱིས“གནོད་འཚེ་དང་ཉེན་ཁ་འགོག་ཟོན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ”བརྗོད་དོན་གཙོ་བོར་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་བྱེད་པ་དང་། ཚན་རིག་ཁྱབ་གདལ་གྱི་ལག་དེབ་སྤྲོད་པ། ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་དབྱར་རྩྭ་དགུན་འབུ་འཐུ་རིང་གི་ཐོག་འགོག་དང་གནོད་འཚེ་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། མིག་སྔའི་བར་རིམ་རྩིས་བྱས་ན་ཤང་དང་གྲོང་རྡལ་དང་། གྲོང་ཚོ(གྲོང་ལྷན)ཁག་ཏུ་ཚན་རིག་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་སྒོ་ཐེངས་4སྤེལ་བ་དང་། 《གྲོང་གསེབ་དང་འབྲོག་ཁུལ་གྱི་ཐོག་འགོག་ལག་དེབ》300ལྷག་ཙམ་དང་། 《དབྱར་རྩྭ་དགུན་འབུ་འཐུ་རིང་གི་ཐོག་འགོག་དང་གནོད་འཚེ་ཉུང་གཏོང》གི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་དེབ་500 ལོ་ཐོ400 གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན་དང་ཉུང་གཏོང་གི་རྒྱ་བོད་ཤན་སྦྱར་གྱི་ཤེས་བྱ་བཀོད་པའི་ཨ་ཅོར་དང་། ཁ་རས། ལག་ཤུབས་སོགས་དྲིལ་བསྒྲགས་ཡིག་རིགས་1000ལྷག་ཙམ་སྤྲད་པ་དང་མི་ཐེངས་1000ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།
དེ་དང་ཆབས་ཅིག ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས《དབྱར་རྩྭ་དགུན་འབུ་འཐུ་རིང་གི་ཐོག་འགོག་དང་གནོད་འཚེ་ཉུང་གཏོང》གི་བོད་སྐད་ཀྱི་འགུལ་རིས་བཟོས་པ་དང་། ཁམས་སྐད་ཀྱི་ཐོག་ནས《ཐོག་འགོག་དང་གནོད་འཚེ་ཉུང་གཏོང་གི་དྲིལ་བསྒྲགས་བསྡེབས་ཚིག》གི་འགུལ་རིས་བཟོས་ནས་རྫོང་བརྙན་འཕྲིན་ལས་ཁུངས་བརྒྱུད་རིམ་ཁག་སྨྱན་སྦྱོར་ལས་སྟེགས་སུ་ཡང་སེ་བསྟན་པས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་། གྲོང་ཚོ(གྲོང་ལྷན)ཡོངས་སུ་ཁྱབ་ནས་ཚན་རིག་དང་མཐུན་པའི་བསམ་བློ་དང་གེགས་འགོག་གེགས་སེལ་གྱི་འདུ་ཤེས་བརྒྱུད་བསྒྲགས་གང་ལེགས་བྱས་པས། ཆ་འཕྲིན་ལ་བརྟེན་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་ནས་གནམ་གཤིས་ཞབས་འདེགས་ཀྱི་གཞི་རིམ་གྱི“མཐའ་མའི་འགག་གནད”ཏན་ཏིག་སྒྲོལ་ཐུབ་ཡོད།