འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིནའུའུ་ཡིས་དངུལ་རྩ་དང་། ཁྲལ་དོན། འཕྲིན་གཏོང་ཁོངས་གཏོགས་ཀྱིས་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དབྱེ་ཞིབ་བགྲོ་གླེང་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཚན་པ་ཡིས2023ལོའི་ལོ་སྟོད་དུ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་སྤེལ་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་གྱི་འཆར་གཞི་དང་གྲོས་འགོའི་སྙན་ཞུར་གསན་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིང་ཀུའེ་ཚོགས་འདུར་ཕེབས་ཡོད།
ལའོ་ཆིན་འུའུ་ཡིས་འདས་ཟིན་པའི་ལོ་གཅིག་གི་རིང་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩ་དང་། ཁྲལ་དོན། འཕྲིན་གཏོང་ཁོངས་གཏོགས་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་དང་། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་གཏོང་། བཟོ་ལས་གཞན་སྒྱུར་རིམ་སྤོར་ལྷག་དོན་དུ་རིམས་ནད་ཀྱི་རྡབ་རྡེག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཐད་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་ནས་ཆབ་མདོའི་རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བ་བཅས་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན།
ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩ་དང་། ཁྲལ་དོན། འཕྲིན་གཏོང་བཅས་ཀྱི་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་དགོས། དངུལ་རྩ་དང་ཁྲལ་དོན། འཕྲིན་གཏོང་བཅས་ཀྱི་མ་ལག་ཁོངས་གཏོགས་དབར་གཞོགས་འདེགས་དང་རོགས་ལས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འཇུག་གཞི་དང་ཤུགས་རྒྱག་ས་གནད་འཁེལ་འཚོལ་བ་དང་། འདུ་ཤེས་གསར་བརྗེ་དང་། འདུ་ཤེས་གསར་གཏོད། བྱས་རྗེས་ཧུར་ཐག་འཇོག་པ། དུས་བབ་དང་འཚམ་པ་བཅས་བྱས་ནས་ཡིད་རྟོན་དངུལ་བུན་གཏོང་བ་དང་། ཁྲལ་རིན་གཉིས་ཆག་བྱེད་པ། ཆ་འཕྲིན་འཕྲིན་གཏོང་མཁོ་སྤྲོད་མང་དུ་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་ཧུར་ཐག་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་དགོས་ཞེས་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་ཡིས་དངུལ་རྩ་དང་། ཁྲལ་དོན། འཕྲིན་གཏོང་བཅས་ཀྱི་ཁོངས་གཏོགས་ནི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་འཕེལ་རྒྱས་གཏོང་བའི“འཕར་རྩ་གཙོ་བོ”ཞིག་ཡིན་པས་དཔལ་འབྱོར་རྒྱུན་གཏན་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་གྱི་ནུས་པ་གལ་ཆེན་ཐོན་ཡོད། རིམ་པ་ཁག་དང་འབྲེལ་ཡོད་ཚན་ཁག་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་མཐུན་སྦྱོར་འགན་ལེན་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་ཆ་རྐྱེན་སྐྲུན་པ་དང་། འབྲེལ་ཟམ་སྐྲུན་པ། རྒྱབ་སྐྱོར་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
ཧྲེ་ཀྲང་གཞོན་པ་སྒྲོལ་དཀར་ཚོགས་འདུར་ཞུགས་ཡོད།