འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་21ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ཀྱིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་དཔེ་མཛོད་ཁང་གིས་གཉེར་འགན་འཁུར་བའི“ང་ཚོའི་དུས་ཆེན་སྟེ་ལྔ་པའི་ཚེས་ལྔའི་དུས་ཆེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འབྲས་ཆན་དང་ཞིམ་ཐུམ་བཟོ་བ་སོགས་ཀྱི་བྱེད་སྒོ་དེ་གྲོང་ཁྱེར་དཔེ་མཛོད་ཁང་དུ་སྤེལ་ཡོད།
བྱེད་སྒོ་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་རྩལ་འཁྲབ་སྟོན(སྨར་ཁམས་པི་ཝང་ཞབས་བྲོའི་)ཁྲོད་འགོ་ཚུགས་པ་དང་དེ་རྗེས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་འབྲེལ་ཡོད་གླུ་གར་ལེ་ཚན་རེས་མོས་བཞིན་འཁྲབ་སྟོན་བྱས་ནས་གྲོང་མིར་ངོ་མཚར་ཆེ་བའི་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ང་ཚོའི་དུས་ཆེན·ལྔ་པའི་ཚེས་ལྔའི་དུས་ཆེན”གྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་དེ་ཟླ་6ཚེས་19ཉིན་ནས་ཟླ་6ཚེས་22ཉིན་བར་སློབ་གྲྭ་ཁག་ཏུ་བསྐྱོད་དེ་སློབ་གྲྭའི་དགེ་སློབ་ལ་འབྲས་ཆན་དང་། དཔེ་དེབ་བསྐྱལ་ནས་དུས་ཆེན་གྱི་སྨོན་འདུན་ཞུ་རྒྱུ་ཡིན་པ་རེད།
ཉེ་ཆར། གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ལས་ཁུངས་ཏང་ཀྲི་པུའུ་ཡིས་ལས་བྱེད་དང་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ནས་ཁ་རུབ་ཆུས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་བསྐྱོད་དེ“ཏང་འཛུགས་སྐྱོང་གི་དྲོ་སྐྱིད་སྦྱིན་པར་སྣེ་ཁྲིད་དེ་ལྔ་པའི་ཚེས་ལྔའི་དུས་ཆེན་ལ་བསུ་བ་ཞུ་བའི”བྱེད་སྒོ་སྤེལ་བ་རེད།