འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འཇོ་མདའ་རྫོང་གིས་ལྗོངས་ཏང་ཨུད་ཀྱིས“མིག་དཔེ་དྲུག”དང“དོན་འཁྱོལ་དམ་འཛིན་བརྒྱད་” “མི་བྱེད་པ་ལྔ”ཡི་ཆེད་དོན་བཅོས་སྒྲིག་དང་གྲོང་ཨུད་ཀྱི“བཅོས་སྐྱོང་དྲུག་དང་དོན་དྲུག”གི་ལས་ཀའི་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། འགན་འཁྲི་འཁུར་བའི་སྤྱོད་ཚུལ་ཟམ་མི་ཆད་པར་དར་སྤེལ་དང་དམངས་ཆེད་སྲིད་བརྩོན་བྱེད་པའི་སྤྱོད་ཚུལ་ཞུན་བརྡར། ཁྱོན་ཡོངས་དང་ཕྱོགས་མང་ནས་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད།
ལས་ལ་བརྩོན་ཞིང་“མ་ཡིན་ཡིན་མདོག་གི་བྱེད་སྟངས”གཏན་ནས་མི་བྱེད་པ་དང་། དཀའ་སྤྱད་འབད་འཐབ་མཚམས་མི་ཆད་པ་བྱེད་པའི“སྤྱོད་ཚུལ་ངོ་མ”དར་སྤེལ་གཏོང་དགོས།
རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་བསམ་གཞིག་ལ་སྐུལ་འདེད་གཏོང་བ་དང་། བསམ་བློར་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། བྱ་སྤྱོད་ལ་བརྟེན་ནས་ཕན་འབྲས་ཐོབ་པ་བཅས་མཐའ་འཁྱོངས་ཀྱིས་གཅིག་སྡུད་ཐོག་སློབ་སྦྱོང་གི་སྣེ་ཁྲིད་པ་དང་། གསོ་སྦྱོང་དང་ཞིབ་འཇུག་བྱེད་པ། མི་སྒེར་གྱིས་རང་སྦྱོང་བྱེད་པ། དྲིལ་བསྒྲགས་དང་འཆད་ཁྲིད་བྱེད་པ། བྱེད་སྒོའི་སློབ་སྦྱོང་བྱེད་པ་བཅས་ཀྱི་བྱ་ཐབས་བརྒྱུད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གི་གྲུབ་འབྲས་དེ་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་ལེགས་སུ་གཏོང་བ། ལས་དོན་ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་གིས་སློབ་སྦྱོང་དེ་སྟོང་བཤད་ཙམ་དང་ཁྲལ་སེལ་ཙམ་མི་བྱེད་པའི་འགན་ལེན་བྱས་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་600ལྷག་ཙམ་འཚོགས་པ། གསོ་སྦྱོང་དང་ཞིབ་འཇུག་སློབ་སྦྱོང་ཐེངས་50བྱས་ནས་སློབ་གསོ་ཐོབ་པའི་ཏང་ཡོན་ལས་བྱེད་པ་མི་ཐེངས་2940ཟིན་པ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ་སོགས་བྱེད་སྒོ་རབ་དང་རིམ་པ་ཐེངས་1500ལྷག་ཙམ་སྤེལ་ནས། ཏང་དང་མང་ཚོཊ་དང་ལས་བྱེད་པ་དང་མང་ཚོཊ་དབར་གྱི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད།
དམངས་དོན་དུ་དངོས་དོན་སྒྲུབ་པར་“མ་ཡིན་ཡིན་མདོག་གི་བྱེད་སྟངས”གཏན་ནས་མི་བྱེད་པ་དང་། བདེན་འཚོལ་དངོས་གཉེར་གྱི་“སྤྱོད་ཚུལ་ངོ་མ་”འབད་འཐབ་བྱས་པ།གོང་རིམ་གྱིས་བཀོད་སྒྲིག་བྱེད་པའི“ཁ་ཕྱོགས་གཅིག་མཚུངས”དང་། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི“འགུལ་ཚད་མཉམ་པ”སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་སར“སེམས་ཁྲལ་གཅིག་མཚུངས”གཞི་རིམ་མང་ཚོགས་དང་མཉམ་དུ“སེམས་མཐུན”དང་དུས་རབས་འཕེལ་རྒྱས་ཀྱི“གོམ་སྟབས་གཅིག་མཐུན”བཅས་མཐའ་འཁྱོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས“ལས་བྱེད་པ་སྟོང་གྲོང་ཚོར་སྟོང་ལ་སྐྱོད་པ་དང་། འགལ་ཟླ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཆེ་མོ”བཅས་ཀྱི་ཆེད་དོན་བྱེད་སྒོ། ཟླ་གསུམ་པའི་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཤང་གྲོང་ཚོར་འགན་ལེན་བྱེད་པ་སོགས་དམ་འཛིན་བྱེད་སར་བྱས་ཏེ། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཤང་དང་། གྲོང་ཚོ། དགོན་སྡེ་བཅས་དང་འབྲེལ་བ་གཏིང་ཟབ་དང་། དཀའ་ངལ་ཆེ་ཞིང་འགལ་བ་མང་བའི་ས་ཁུལ་དང་། གནས་ཚུལ་རྙོག་འཛིང་ཆེ་བ་དང་མང་ཚོགས་ཀྱི་བསམ་འཆར་མང་བའི་ས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པ། ཤེས་རྟོགས་བྱུང་བའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། འབྱུང་རྩ་དང་དཀའ་གནད་འཚོལ་ཞིབ་ཡང་དག་བྱེད་པ། ཐག་གཅོད་བྱེད་ཐབས་ཁ་གསལ་བཟོ་བ། ལག་ལེན་བསྟར་རིང་གི་གནད་ས་སྒྲོལ་བ་དང་། འགག་ས་གཤོང་བ། དཀའ་གནད་སེལ་བ་བཅས་བྱས་ཏེ་“ཟབ་འཇུག་”དང་ཟབ་འཇུག་”དངོས་སུ་བྱེད་ཐུབ་པ་དང་། བརྟག་དཔྱད་ཞིབ་འཇུག་དང་ཕྱི་ཚུལ་ཙམ་གྱི་རྣམ་པར་མི་འགྱུར་བ་བྱེད་ཡོད། མིག་སྔར། ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་སྙན་ཞུ་ཁག་6བྲིས་ཡོད་པ་རེད།
བྱ་བ་དངོས་སྒྲུབ་རྒྱུ་ནི་དམངས་ཀྱི་ཆེད་དུ་ཡིན“མ་ཡིན་ཡིན་མདོག་གི་བྱེད་སྟངས”གཏན་ནས་མི་བྱེད་པ། བདེན་འཚོལ་དངོས་སྒྲུབ་ཀྱི་“སྤྱོད་ཚུལ་ངོ་མ་”སྙིང་རུས་ཀྱིས་སྦྱང་དགོས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་བསམ་བློ་གཏོང་བ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་བསམ་ཤེས་བྱེད་པ། དམངས་ཀྱི་དོན་དུ་དངོས་གཉེར་གྱི་བྱེད་ཐབས་ལག་ལེན་བསྟར་བ། “འཕྲལ་མར་སྒྲུབ་པ་དང་སྒྲུབ་ན་ཡག་པོར་སྒྲུབ་པའི་”སྙིང་སྟོབས་དར་སྤེལ་གཏོང་བ། སྲིད་དོན་ཞབས་ཞུ་ཚད་གཞི་ཅན་དང་། ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མང་ཚོགས་“ཐེངས་མང་ཡོངས་དགོས་པ”ནས“ཐེངས་གཅིག་ལས་འགྲོ་མི་དགོས་པ་”འགྱུར་བ། སྤྱི་ཚོགས་འགན་བཅོལ་གཱ་གཉེར་བའི“སྐབས་འཕྲལ་གཱ་འཛིན”དང་སྤྱི་ཚོགས་འགན་བཅོལ་ནུས་པ་སྐུལ་སློང་སོགས་ལས་སྒོ་1940གཉེར་བ་དང་ཁེ་ལས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་བཟོ་བཅོས་དང་། མུ་མཐུད་འགན་ལེན། མཚམས་འཇོག་སོགས་ཀྱི་ལས་སྒོ་མི་ཐེངས་718བདག་སྤྲོད་བྱས་ཏེ། སྲིད་དོན་ཞབས་ཞུའི“མཐའ་མའི་འགག་གནད”སྒྲོལ་ཐབས་ཏན་ཏིག་བྱས་ཡོད།
སྤྱོད་བཟང་དང་སྒྲིག་ཁྲིམས་ནན་དུ་གཏོང་སྟེ་“མ་ཡིན་ཡིན་མདོག་གི་བྱེད་སྟངས”གཏན་ནས་མི་བྱེད་པ། འགན་འཁུར་ཕོད་པའི་“སྤྱོད་ཚུལ་ངོ་མ་”ཐོག་ནས་འབད་བརྩོན་བྱས་པ།
གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་དང་ལེགས་བཅོས་དུས་མཉམ་དུ་སྤེལ་བ་དང་། ཞིབ་བཤེར་དང་ལེགས་བཅོས་དུས་མཉམ་དུ་སྤེལ་བ། དག་ཐེར་དང་ལེགས་བཅོས་དུས་མཉམ་དུ་སྤེལ་བརམཐའ་འཁྱོངས། “ནན་པོའི་”རྩ་བའི་རྩ་དོན་དང་“ཏན་ཏིག་”གི་ལྟ་སྐུལ་དྲ་བ་བཙུགས་ཏེ། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་“ཚེ་རིང་འགྱུར་མེད་ཀྱི་གྱོད་དོན་གྱི་ཤུགས་རྐྱེན་ངན་པ་ཁྱོན་ཡོངས་ནས་གཙང་སེལ་མཐར་ཕྱིན་བྱས་ཏེ། སྔར་ཙམ་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་རྒྱུ་”ཞེས་པའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་སྐོང་འཚོགས་བྱས་ནས། བསམ་བློ་དང་། ཆབ་སྲིད། རྩ་འཛུགས། སྒྲིག་ཁྲིམས། སྤྱོད་ཚུལ་བཅས་ཀྱི་ཐད་གནས་པའི་གནད་དོན་མངོན་གསལ་ཅན་ཞིབ་བཤེར་གཏིང་ཟབ་དང་། རྫོང་ཨུད་ཏང་གི་སློབ་གྲྭའི་གསོ་སྦྱོང་གི་གཡུལ་ས་གཙོ་བོ་དང་ཞུན་བརྡར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“གྱོད་དོན་དཔྱད་གཞིར་འཛིན་པ་དང་། གུས་ཤིང་སྐྲག་པ། ཉེན་བརྡ་རྒྱུན་གཏོང་། ཉེན་ཟོན་ཉེན་བརྡ་གཏོང་བ”བཅས་ཀྱི་སྲིད་གཙང་ཉེན་ཟོན་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པར་རྒྱལ་ཁྲིམས་ལ་གུས་ཤིང་སྐྲག་པ་དང་། དོགས་ཟོན་དང་འཇིཊ་སྣང་སྐྱེ་བ། མཚམས་ཐིག་སྲུང་བ་བཅས་བྱེད་དགོས། སྒྲིག་ཁྲིམས་སློབ་གསོའི“མང་ཚོགས་དང་འབྲེལ་གཏུག་བྱེད་པ”དང“མི་སེམས་ལ་ཟུག་པ་བྱེད་པའི”སློབ་གསོ་བརྒྱབ་ནས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་བརྟན་པོ་ཡོང་བ་བྱས་ཏེ་སྒྲིག་ཁྲིམས་བསྲུང་རྒྱུ་དང་སྒྲིག་ལམ་ལ་སྣང་ཆེན་བྱེད་པའི་དཔེ་བཟང་བ་ཏན་ཏིག་བྱེད་དགོས།