国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年06月23日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་སུ་བརྟག་ཞིབ་གནང་སྐབས།

འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཆབ་མདོའི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་ལེའུ་གསར་པ་ཧུར་ཐག་ངང་རྩོམ་དགོས་པའི་ནན་བཤད་གནང་བ།

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་མི་རིགས་ཆོས་ལུགས་ཁོའོ་རུ་ལས་བྱེད་ལས་བཟོ་པ་དང་གླེང་མོལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས20ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ཁོང་གིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་ལས་འགན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། ཆབ་མདོའི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་ལེའུ་གསར་པ་ཧུར་ཐག་ངང་རྩོམ་དགོས་པའི་ནན་བཤད་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་ཆོས་ལུགས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་སྤེལ་ཚུལ་སོགས་ཀྱི་འགྲེམས་པང་ལ་གཟིགས་པ་དང་།

གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་འཐབ་ཕྱོགས་གཅིག་གྱུར་ཁོའོ་དང་། མི་རིགས་ཆོས་ལུགས་སློབ་གསོ་ཁོའོ་དེ་བཞིན་གྲོང་ཁྱེར་མི་རིགས་ཆོས་ལུགས་ཅུས་བོད་བརྒྱུད་ནང་བསྟན་ཁོའོ་བཅས་སུ་ཕེབས་ནས་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད། “འདུ་ཤེས་གསུམ”གྱི་སློབ་གསོ། བོད་བརྒྱུད་ནང་བསྟན་ལས་དོན་ལ་དོ་དམ་སོགས་ཀྱི་ལས་དོན་སྤེལ་ཚུལ་ཡང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཀུང་ཧུའེ་ཚའེ་ཡིས་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་བ་དང་སྦྲགས་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་ཞིང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཆེས་རྒྱ་ཁྱབ་ཀྱི་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་འཐབ་ཇུས་བཀོད་སྒྲིག་བཏོན་པ་དེས་ང་ཚོས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཟླ2པའི་ཚེས15ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་བཀོད་སྒྲིག་གནང་བ་དང་། ཟླ3པའི་ཚེས29ཉིན་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་གནང་བ། ཟླ5པའི་ཚེས11ཉིན་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་སུ་ཕེབས་ཏེ་བརྟག་ཞིབ་གནང་བ་ལས་ང་ཚོས་དུས་རབས་གསར་པའི་ཆབ་མདོའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པར་མཛུབ་ཁྲིད་ནུས་ལྡན་བསྩལ་ཡོད།

འཐབ་ཕྱོགས་གཅིག་གྱུར་ལས་དོན་སྔར་བས་ཡག་པོ་སྒྲུབ་པར། ཀུང་ཧུའེ་ཚའེ་ཡིས་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་བཅས་ཀྱི་ལས་དོན་བཀོད་སྒྲིག་ལ་དམིགས་ཏེ་ལག་བསྟར་དོན་འཁྱོལ་ཡོང་བར་དམ་འཛིན་གང་ལེགས་བྱེད་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་གྱི་འཛུགས་གཏོད་ལ་དམིགས་ཏེ་མི་རིགས་མཐུན་སྒྲིལ་ལ་དམ་འཛིན་གང་ལེགས་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་དགོན་སྡེའི་དོ་དམ་ལ་དམ་འཛིན་གང་ལེགས་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་བཀོད་པ་ཆེན་པོ་འཛུགས་རྒྱུར་དམིགས་ཏེ་འཕེལ་རྒྱས་ལ་རོགས་སྤེལ་བྱེད་པར་དམ་འཛིན་གང་ལེགས་བྱེད་དགོས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྟོབས་ཆེར་གཏོང་བར་དམིགས་ཏེ་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོར་དམ་འཛིན་གང་ལེགས་བྱེད་དགོས། སྤུས་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གཏོད་རྒྱུར་དམིགས་ཏེ་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་ཡོད།