国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年06月23日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་དྲིལ་བསྒྲགས་པུའུ་རུ་བརྟག་ཞིབ་གནང་སྐབས།

ཟླ6པའི་ཚེས19ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་དྲིལ་བསྒྲགས་པུའུ་རུ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། འདི་ནི་ཚོགས་ཡུལ་ཡིན་པ།

“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་དང་གྲོང་ཨུད་ཀྱི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པའིའཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ།་

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས19ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་དྲིལ་བསྒྲགས་པུའུ་རུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཏང་གི་འགོ་ཁྲིད་དེ་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་པ་བྱས་ནས་ཏང་གིས་དྲིལ་བསྒྲགས་དང་།

འདུ་ཤེས་འཛིན་སྟངས། སྨྱན་སྦྱོར་རྩ་དོན་བཅས་ལ་དོ་དམ་བྱེད་རྒྱུ་ལག་བསྟར་བྱེད་པ་དང་། “ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་དང་གྲོང་ཨུད་ཀྱི“22445”སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་ནས་མི་སེམས་གཅིག་འགྲིལ་དང་། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཀུང་ཧུའེ་ཚའེ་གྲོང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་ཁོའོ་དང་། གསར་འགྱུར་ཁོའོ། དྲིལ་བསྒྲགས་སློབ་གསོ་ཁོའོ། དཔེ་སྐྲུན་ཁོའོ། ལས་བྱེད་པའི་རིགས་པའི་གཞུང་ལུགས་སློབ་གསོའི་འཆད་ཁྲིད་ཚོགས་པ། བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་།“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”ལས་སྟེགས་དོ་དམ་ལྟེ་གནས། གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་སུ་ཕེབས་ནས་རིགས་གཞུང་དྲིལ་བསྒྲགས་དང་། གསར་འགྱུར་དྲིལ་བསྒྲགས། སྤྱི་ཚོགས་དྲིལ་བསྒྲགས། རིག་གནས་རིག་རྩལ་དྲིལ་བསྒྲགས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་དེ་བཞིན“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”གྱི་སློབ་སྦྱོང་སྟེགས་བུ་འཛུགས་སྐྲུན་སོགས་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་བྱས་པ་མ་ཟད་ལས་བྱེད་པ་དང་ལས་བཟོར་གཟིགས་ནས་འཚམས་འདྲི་གནང་བ་རེད།

དེ་རྗེས་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་འགན་འཁུར་བ་དང་བཞུགས་མོལ་གནང་སྟེ་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་སྙན་སེང་གསན་པ་མ་ཟད། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་གཞི་ཚུགས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ལས་འགན་མངོན་འགྱུར་བྱ་རྒྱུར་དམིགས་ཏེ་རྣམ་བཤད་གལ་ཆེན་རབ་རིམ་གནང་བའི་ཁར། དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་རིམ་བཏོན་ནས་དུས་རབས་གསར་པའི་ཏང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ད་ལོའི་ཟླ་གཉིས་པར་དྲིལ་བསྒྲགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཟླ་ལྔ་པའི་ཟླ་དཀྱིལ་དུ་ཆེད་མངགས་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ་དེས་ང་ཚོས་དུས་རབས་གསར་པའི་ཆབ་མདོའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་མཛུབ་ཁྲིད་ནུས་ལྡན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པས་དཀྲིས་པའི་ལས་འགན་དང་ལས་འགན་ཏན་ཏིག་འཁུར་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱེད་པ། མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་བློ་སྟོབས་དང་། སེམས་ཤུགས་བཅས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱིས་རྒྱ་ཁྱབ་ངང་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དང་ཕྱོགས་མང་པོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གཞུང་འཁྱོངས་གསར་འབྱེད་དང་། ངར་སེམས་ཆེར་བསྐྱེད། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན།

ཀུང་ཧུའེ་ཚའེ་ཡིས་གཅིག་ནས་དར་ཆ་སྒྲེང་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་གཅིག་སེམས་གཅིག་གིས་ལྷག་བསམ་རྣམ་དག་བྱེད་དགོས། གཉིས་ནས་དམངས་སེམས་སྒྲིལ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འགན་འཁྲི་འཁུར་ཕོད་དགོས། གསུམ་ནས་མི་གསར་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཧུར་ཐག་སྣེ་ཁྲིད་ཀྱིས་ལེའུ་གསར་པ་རྩོམ་དགོས། བཞི་ནས་རིག་གནས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རིག་གནས་ལ་གསོན་ཤུགས་རྒྱས་སུ་འཇུག་དགོས། ལྔ་ནས་གཟུགས་བརྙན་མངོན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱོད་པ་ཚུལ་མཐུན་གྱིས་སྤྱོད་གཙང་གཙིགས་སུ་འཛིན་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དངོས་གྲུབ་ཟླ་བ་ཚོགས་འདུར་ཞུགས་ཡོད།