འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་18ཉིན། བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་བྱ་གཞག་ཚན་པས་མཐོ་སློབ་སློབ་ཐོན་སློབ་མ་ཡོངས་བསྒྲགས་ངང་གཞུང་ཞབས་པ་བསྡུ་བའི་ཡིག་རྒྱུགས་གཏོང་རྒྱུ་ཡིན་པ་རེད། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་སྒྲོལ་དཀར་གྱིས་སྣེ་ཁྲིད་པའི་གྲོང་ཁྱེར་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁུར་བ་རང་གྲོང་ཁྱེར་གྱི་རྒྱུགས་གཏོང་ས་ཚིགས་ཁག་གཅིག་ཏུ་ཡིག་རྒྱུགས་ལས་དོན་ལ་ཞིབ་བཤེར་བྱེད་པར་ཕེབས་པ་རེད།
གྲོང་ཁྱེར་དམའ་རིམ་སློབ་འབྲིང་གི་རྒྱུགས་སྤྲོད་ས་ཚིགས་སུ་སྒྲོལ་དཀར་གྱིས་རྒྱུགས་སྤྲོད་ས་ཚིགས་ཀྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ལྟེ་གནས་སུ་རྒྱུགས་རའི་ལྟ་སྐུལ་ཚོད་འཛིན་ལ་ལྟ་ཞིབ་བྱས་ནས་ས་གནས་ས་ཐོག་ཏུ་ད་ཐེངས་ཀྱི་ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་དང་། རྒྱུགས་རའི་བཀོད་སྒྲིག རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། རྒྱུགས་སྤྲོད་ས་ཚིགས་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ནན་ཏན་ངང་འཁུར་ཏེ་རྒྱུགས་སྲོལ་སྒྲིག་ཁྲིམས་ནན་དུ་བཏང་ནས་ཡིག་རྒྱུགས་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་དགོས། འབྲེལ་ཡོད་ཡིག་རྒྱུགས་ལས་དོན་གྱི་ཞབས་ཞུ་ཡག་པོ་སྒྲུབ་པ་དང་། ཡིག་རྒྱུགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་པ། འཕྲལ་སྡོམ་བྱ་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཡིག་རྒྱུགས་ཀྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་ཟིན་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།