国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年06月20日

ངེད་གྲོང་ཁྱེར་གྱིས“བདེ་འཇགས་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་དྲུག་པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཐེངས་ཉེར་གཉིས་པ་ཡིན། ཟླ་6ཚེས་16ཉིན་ཆབ་མདོ་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་སྒྲུབ་འགན་འཁུར་བ།ཁ་རུབ་ཆུས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་གཉེར་རོགས་བཅས་བྱས་པའི2023ལོའི་ཆབ་མདོ་གྲོང་ཁྱེར་གྱིས“ཀུན་གྱིས་བདེ་འཇགས་སྣང་ཆེན་བྱེད། ཚང་མས་འཕྲལ་སྡོམ་ཤེས་པར་བྱ།”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“བདེ་འཇགས་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི”གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་སྤེལ་བ་རེད། ཆབ་མདོ་གྲོང་ཁྱེར་དང་། ཁ་རུབ་ཆུས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་གཙོ་བོ། ཆབ་མདོའི་གཙོ་གནད་ཁེ་ལས་བཅས་ཁྱོན་ཚན་པ་55ཡིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བློ་འདྲི་སྤེལ་ནས་གྲོང་མི་མང་ཚོགས་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད། འདི་ནི་མེ་གསོད་རོགས་སྐྱོབ་ཡོ་བྱད་ཉམས་ལེན་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་དྲུག་པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཐེངས་ཉེར་གཉིས་པ་ཡིན། ཟླ་6ཚེས་16ཉིན་ཆབ་མདོ་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་སྒྲུབ་འགན་འཁུར་བ།ཁ་རུབ་ཆུས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་གཉེར་རོགས་བཅས་བྱས་པའི2023ལོའི་ཆབ་མདོ་གྲོང་ཁྱེར་གྱིས“ཀུན་གྱིས་བདེ་འཇགས་སྣང་ཆེན་བྱེད། ཚང་མས་འཕྲལ་སྡོམ་ཤེས་པར་བྱ།”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“བདེ་འཇགས་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི”གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་སྤེལ་བ་རེད། ཆབ་མདོ་གྲོང་ཁྱེར་དང་། ཁ་རུབ་ཆུས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་གཙོ་བོ། ཆབ་མདོའི་གཙོ་གནད་ཁེ་ལས་བཅས་ཁྱོན་ཚན་པ་55ཡིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བློ་འདྲི་སྤེལ་ནས་གྲོང་མི་མང་ཚོགས་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

འདི་ནི་མེ་གསོད་རོགས་སྐྱོབ་ཡོ་བྱད་ཉམས་ལེན་བྱེད་བཞིན་པ།