国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年06月20日

ཆབ་མདོའི་འགྲེམས་ཁང་ཀྲུང་གོ·མཚོ་འགག་གསར་གཏོད་རྣམ་གྲངས་ཀྱི་གྲུབ་འབྲས་ཉོ་ཚོང་འགྲེམས་ཚོགས་ཐོག་མངོན་པ།

པར་འདི་ནི་ཆབ་མདོའི་ཁྱད་ལྡན་ཐོན་རྫས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་18ཉིན། ཀྲུང་གོ·མཚོ་འགག་གསར་གཏོད་རྣམ་གྲངས་ཀྱི་གྲུབ་འབྲས་ཉོ་ཚོང་འགྲེམས་ཚོགས་སྐབས་ཉེར་གཅིག་པ་དེ་ཧྥུའུ་ཀྲོའུ་གྲོང་ཁྱེར་མཚོ་འགག་གསར་གཏོད་ལྟེ་གནས་སུ་འགོ་ཚུགས་པ་རེད། འགྲེམས་ཚོགས་ཐོག ཆབ་མདོའི་འགྲེམས་ཁང་གིས“སྤྲོ་ཞིང་སྤྲོ་བའི་ཁམས་པ། ངོ་མཚར་ཆེ་བའི་ཆབ་མདོ་”ཞེས་པ་བརྗོད་དོན་གཙོ་བོར་བརྟེན་ནས་བོད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་དང་། ཡུན་རིང་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་རིག་གནས། དེང་རབས་ཅན་དང་།གྲངས་གཞི་ཅན། རིག་ནུས་ཅན་བཅས་མངོན་ཡོད། འགྲེམས་ཁང་ཧྲིལ་བོར“དཔལ་འབྱོར་འཕེལ་རྒྱས”དང་། “རིག་གནས་ཡུལ་སྐོར”“རྫོང(ཆུས)ཀྱི་ཁྱད་ལྡན་”“ཐོན་ལས་བོད་སྐྱོར་གྲུབ་འབྲས”“གྲགས་ཅན་ཕུལ་བྱུང་ཐོན་རྫས”“ཁུལ་གསར་འཕེལ་རྒྱས”བཅས་ནང་དོན་ཆེ་གྲས་དྲུག་ལ་དབྱེ་ནས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་མངོན་པ་བྱས་ཡོད།

ཆབ་མདོའི་འགྲེམས་ཁང་དུ་ས་གནས་དེ་གའི་ཁེ་ལས་20ལྷག་ཙམ་གྱིས་འཁྱེར་ཡོང་བའི་འགྲེམས་རྫས་རིགས་100ལྷག་ཙམ་ཟིན་ཡོད་པ་ལས། བདག་དམར་གཡང་རྒུན་ཆང་དང་། བོད་སྨན། ཁ་ཆེ་ཤ་སྐམ། གངས་ལྷ་མེ་ཏོག ཚགས་ཤ། སྤོས། ནས། བྲ་བོ་སོགས་ཁྱད་ལྡན་ཐོན་རྫས་ལ་ཡུལ་སྐོར་བས་དགའ་བསུ་ཐོབ་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། ཉིན་དེར་ཆབ་མདོ་འགྲེམས་ཁང་དུ་ལྟ་སྐོར་དུ་ཡོང་མཁན་མི་2000ལྷག་ཙམ་ཟིན་པ་དང་ཚོང་འགུགས་མ་འདྲེན་གྱི་དྲིལ་བསྒྲགས་ལག་དེབ་100ལྷག་ཙམ་སྤྲད་པར་བྲིན་ཚོང་དངུལ་འབོར་སྒོར་45000ལྷག་ཙམ་ཟིན་ཡོད།