འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་16ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཕེབས་པ་ཏེ་གསུང་བཤད་ཀྱང་གནང་ཡོད།
ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་དང་ཁེ་ལས་ཁག་གིས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བདེ་འཇགས་དོགས་ཟོན་ལས་དོན་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་དང་། ཆེས་ཞན་ས་ནས་བསམ་བློ་བཏང་སྟེ་གྲ་སྒྲིག་གང་ལེགས། བཟང་ཕྱོགས་སུ་འབད་བརྩོན་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་བདེ་འཇགས་ཞབས་ཞུའི་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་མི་དམངས་དཀའ་ཚེགས་དང་ཉེན་ཆེའི་གནས་ལས་སྒྲོལ་ཐུབ་པའི་དོན་ཆེན་ཞིག་དུ་ངོས་འཛིན་གཏིང་ཟབ་བྱས་ནས“སྤྱོད་མ་དགོས་ཀྱང་གྲ་སྒྲིག་བྱེད་པ་ལས་སྤྱོད་དགོས་དུས་གྲ་སྒྲིག་མེད་པ་གཏན་ནས་བྱེད་མི་རུང་བའི”དོགས་ཟོན་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་ལྟར་གནས་ཚུལ་གསལ་པོ་དང་། གཞི་གྲངས་གཙང་མ། རྒྱུན་རྣམ་དམ་འཛིན། ལམ་སྲོལ་དམ་འཛིན་བཅས་ཐུབ་པ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“མི་དམངས་ལྟེ་བར་འཛིན་པའི”ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱས་ཏེ། རྒྱུན་རྣམ་དང་ནུས་ལྡན་གྱི་ལམ་སྲོལ་བརྒྱུད་ལམ་ལུགས་དང་བྱ་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་དུས་མཚུངས་ལྟ་སྐུལ་དོ་དམ་དང་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་དོན་འཁྱོལ་མི་བྱེད་པའི་མི་དང་བྱ་བར་རང་རྟོགས་ངང་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་བྱ་ཐབས་དང་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའུ་དབྱིང་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཚོགས་འདུའི་ཐོག གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་མིག་སྔའི་གེགས་བར་གནས་ཚུལ་སྔོན་འགོག་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་ཁྱབ་ཁོངས་སུ་ལྷག་པའི་གནད་དོན་བརྡ་ཁྱབ་བཏང་བ་དང་། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་རོགས་སྐྱོབ་ལས་ཀའི་དུས་བབ་དང་གནད་དོན་གཙོ་བོ་བརྡ་ཁྱབ་བཏང་བ་དང་འབྲེལ་ལས་ཀའི་གྲོས་འགོ་ཡང་བཏོན་པ་རེད།
དཔའ་ཤོད་རྫོང་དང་། གྲོང་ཁྱེར་ལྕགས་ལམ་འཛུགས་སྐྲུན་རོགས་སྐྱོར་གཞུང་དོན་ཁང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། གྲོང་ཁྱེར་ས་ཡོམ་ཅུས། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་དེ་བཞིན་གཡུ་ལུང་ཟངས་གཏེར་སོགས་ལས་རིགས་ཁག་གི་ཁྱབ་ཁོངས་དང་གཏོགས་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གེགས་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་སྙན་སེང་ཞུས་པ་རེད།