国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年06月09日

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་ལྷན་དུ་ཁྲུང་ཆིང་དུ་ལས་ཞུགས་བོད་སྐྱོར་དང་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སློབ་གཉེར་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་31ཉིན་ནས་ཟླ་6ཚེས་4ཉིན་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཐང་མིང་དབྱིན་དང་བཅས་པས་ཁྲུང་ཆིང་དུ་ལས་ཞུགས་བོད་སྐྱོར་དང་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སློབ་གཉེར་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་།ཁྲུང་ཆིང་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ལས་དོན་རུ་ཁག་གི་གནས་སྐབས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིན་ཀུའེ་བརྟག་ཞིབ་ནང་ཞུགས་ཡོད།

དུས་ཡུན་ཉིན་5ཡི་བརྟག་ཞིབ་རིང་ཝུའེ་ཤིང་ཀུའེ་ཡིས་ཐང་མིང་དབྱིན་དང་བཅས་པར་ཕེབས་རོགས་ཞུས་ཏེ་ཁྲུང་ཆིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་དང་། ཆབ་མདོའི་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས། ཁྲུང་ཆིང་བོད་ལྗོངས་སློབ་འབྲིང་། གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་སོགས་སུ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁྲུང་ཆིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། དཔལ་འབྱོར་ཆ་འཕྲིན་ཨུ་ལྷན། དམངས་སྲིད་ཅུས་བཅས་དང་དེ་བཞིན་བོད་ཀྱི་ཁྲུང་ཆིང་དུ་ལས་ཞུགས་བྱེད་མཁན་འབྲེལ་ཡོད་འགན་འཁུར་བའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།