国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年06月09日

ཆབ་མདོས་ནགས་ལས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་2023ལོའི་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་དེ་ཚེས་3ཉིན་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་སུ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་5ཡིན་ཞིང་། གྲོང་ཁྱེར་དང་རྫོང(ཆུས)ཁག་གི་ནགས་ལས་གཞུང་དོན་ཁང་གི་ལས་སྒོའི་འགན་འཁུར་བ་དང་ལས་ཀའི་རྐང་འཛིན་པ་30ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྲུང་ནན་བརྟག་དཔྱད་འཆར་འགོད་ཁང་དང་བོད་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་དོ་དམ་དང་། འདམ་ར་སྲུང་སྐྱོང་དང་དོ་དམ། ནགས་དཔོན་ལམ་ལུགས་འཁོར་སྐྱོད། APPདོ་དམ་སྲུང་སྐྱོང་མ་ལག་དེ་ནགས་དཔོན་ལམ་ལུགས་ཁྲོད་བེད་སྤྱོད་བྱེད་སྟངས། ནགས་དཔོན་ལམ་ལུགས་ཀྱི་སྲིད་ཇུས་འགྲེལ་བཤད་དང་དེ་བཞིན་བཀོལ་སྤྱོད་དཔེ་མཚོན་ངོ་སྤྲོད་སོགས་ཀྱི་དངོས་སྤྱོད་ཤེས་བྱ་དང་རྩལ་ནུས་སོགས་སློབ་ཁྲིད་བྱས་ཡོད།