འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དབྱར་རྩྭ་དགུན་འབུའི་སྔོག་འཐུ་ས་ཚིགས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱ་ཆེད། ཉེ་ཆར། རི་བོ་ཆེ་རྫོང་མི་དམངས་སྨན་ཁང་ནགས་ལུང་དབྱར་རྩྭ་དགུན་འབུ་སྔོག་འཐུ་ས་ཚིགས་སུ་བསྐྱོད་དེ“མི་ནི་རྩ་བར་འཛིན། ཚེ་སྲོག་གོང་དུ་བཀུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིན་མེད་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཡོད།
ས་གནས་ས་ཐོག་ཏུ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་ངང་རྒྱུད་རིང་པོས་ཞིང་འབྲོག་མང་ཚོགས་ཀྱི་སྙིང་དང་། གློ་བ། མིག ཁྲག་མངར། ཁྲག་ཤེད་སོགས་ལ་བརྟག་ཞིབ་བྱས་པ་མ་ཟད་ད་དུང་བཟའ་བཏུང་དང་སྨན་སྤྱོད་སོགས་ཀྱི་ཐད་ནས་མཛུབ་སྟོན་ཡང་བྱས་ཡོད།