国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年06月09日

ཁ་རུབ་ཆུས་ཀྱིས། “མངོན་གསལ་དོད་པ་གསུམ”ལ་བརྟེན་ནས་ཆོས་ཁྲི་ཁྲོམ་གཞུང་ཡུག་སྦྲེལ་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྲིག་ཆུ་ཚད་མཐོ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཁ་རུབ་ཆུས་ཀྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་དེ་ཁ་ཕྱོགས་སུ་བྱེད་པ་དང་། དྲ་མིག་ཅན་གྱི་དོ་དམ་བྱ་རྒྱུ་དེ་རྨང་གཞི་བྱེད་པ། ལས་སྟེགས་འཛུགས་སྐྱོང་དེ་འདེགས་སྐྱོར་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྡེ་ཁུལ་བཅོས་སྐྱོང་དང་། དྲ་མིག་ཅན་བཅོས་སྐྱོང་། ཁུལ་ཆུང་བཅོས་སྐྱོང་། ལས་རིགས་བཅོས་སྐྱོང་སོགས་ཟུང་འབྲེལ་དམ་ཟབ་བྱས་ཏེ་གྲོང་ཁྱེར་ཁྱབ་ཁོངས་ཕྱོགས་བསྡུས་བཅོས་སྐྱོང་གི“མིས་སྐྱོང་བའི་བསམ་བློ་”དང“རིག་པས་སྐྱོང་བའི་བསམ་བློ་”མཐུན་སྦྱོར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་བཅོས་སྐྱོང་གི་ཁྱོན་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད།

རྩ་འཛུགས་ཀྱི་འགོ་ཁྲིད་རང་གནས་སུ་སླེབས་པར་ཤུགས་ཆེ་གཏོང་དགོས། ཁ་རུབ་ཆུས་ཀྱིས་གཙོ་བོའི་གྲོང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲལ་དུ་གཞི་རིམ་བཅོས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་དུས་བཀག་ལྟར་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་བ་དང་། ཆོས་ཁྲི་ཁྲོམ་གཞུང་དང་ཆོས་ཁྲི་མེ་ཏོག་ལྡུམ་ར། རིག་ལྡན་ཁུལ་ཆུང་སོགས་ཚོད་ལྟའི་ས་ཚིགས་སུ་བྱས་ནས་འཛུགས་སྐྲུན་བརྒྱུད་རིམ་ཁྲོད་ཀྱི་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ། འགོ་འཛུགས་ས་མཐོ་པོའི་ཐོག་ནས་ཇུས་འགོད་དང་ཚད་གཞི་མཐོ་བའི་ངང་སྐུལ་འདེད་བཏང་བ། མིག་སྔར་སྐུལ་སློང་གི་བཀོད་སྒྲིག་ཚོགས་འདུ་ཐེངས་1དང་། སྐུལ་སྤེལ་ཚོགས་འདུ་ཐེངས་2བཀོད་གཏོང་ཚོགས་འདུ་ཐེངས་5བཅས་སྒྲིག་འཛུགས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ཚོད་ལྟའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་རེད།

དྲ་རྒྱའི་ཏང་རྩ་འཛུགས་ཡོངས་སུ་ཁྱབ་ཡོད་པ། གྲོང་གཙོ་བཅོས་སྐྱོང་ཁུལ་གྱི“བློ་རིག་ཅན”གྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་གྲོང་ཁུལ་གཙོ་བོར་རིམ་པ་དང་པོའི་དྲ་མིག་ཅན་1དང་། རིམ་པ་གཉིས་པའི་དྲ་མིག་ཅན་20 རིམ་པ་གསུམ་པའི་དྲ་མིག་ཅན་68བཅས་དབྱེ་ཡོད་པ་དང་། དྲ་མིག་ཏང་ཀྲི་པུའུ་15དང་དྲ་མིག་ཅན་གྱི་ཏང་གི་ཚོགས་ཆུང་68བཙུགས་ནས་དྲ་མིག་ཅན་ཁྱོན་ཡོངས་ལ་ཁྱབ་པའི་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་པ་བྱས་ཡོད། ཏང་ཡོན་གྱི་གཞི་རྩའི་གནས་ཚུལ་མཐིལ་རྟོགས་གྲལ་བཤེར་དང་རིམ་གསུམ་དྲ་མིག་ཅན་གྱི་དྲ་རྒྱའི་ཏང་གི་ཚོགས་ཆུང་བཀོད་སྒྲིག་ཧུར་ཐག་བྱས་ནས། གཞི་རིམ་དྲ་མིག་ཅན་གྱི་ཕྱོགས་བསྡུས་བཅོས་སྒྲིག་འཐབ་སའི་མདུན་མ་གང་དུ་ཡོད་པ་འགན་ལེན་བྱས་ཏེ་ཏང་རྩ་འཛུགས་སྣེ་མོ་རྒྱང་བསྲིང་བྱས་ཡོད། མིག་སྔར་ཁྱོན་དྲ་མིག་ཅན7ལ་དབྱེ་བ་དང་ཏང་གི་ཚོགས་ཆུང་7བཙུགས་ཡོད་པ་རེད།

“སྡེ་ཁུལ་དུ་སོ་ལྟ་བྱེད་པ་དང་། སྡེ་ཁག་ཏུ་འབྱོར་ཐོ་འགོད་པའི་”ལམ་སྲོལ་འཛུགས་པ། ཆོས་ཁྲི་ཁྲོམ་གཞུང་ཡུག་ཁུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ཀྲི་པུའུ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་ལམ་ལུགས་ལག་ལེན་བསྟར་ཏེ། ཆོས་ཁྲི་ཁྲོམ་གཞུང་ཡུག་ཁུལ་གྱི་དྲ་མིག་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་སྟོབས་ཤུགས་མཉམ་འགུལ་ཡག་པོ་བྱས་ཏེ། དུས་བཀག་ལྟར་ཡུག་ཁུལ་གྱི་གྲོང་ཁྱེར་ནང་གི་འགྲིམ་འགྲུལ་ཉེན་རྟོག་དང་ཞིང་ལས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་སོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་ཚོགས་འདུ་འཚོགས་ཏེ། ཁ་རུབ་ཆུས་ཀྱི་གྲོང་ཁུལ་གཙོ་བོའི་ཏང་ཀྲི་པུའི་མནའ་འབྲེལ་གྱིས“གཞི་གཅིག་ཅན་”དང་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཀྱིས“གཞོགས་གཉིས་”ཀྱི་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལམ་སྲོལ་བཙུགས་ནས་ལས་དོན་མཉམ་དུ་སྤེལ་བ།

དྲ་མིག་ཅན་གྱི་རྩ་འཛུགས་མ་ལག་འཛུགས་དགོས། གྲོང་རྡལ་དང་སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་ཁོངས་གཏོགས་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམ་པ་དང་པོའི་དྲ་མིག་པའི་འགོ་ཁྲིད་གཙོ་བོ་ཁྲེང་ཀོན་གྲོང་རྡལ་གྱི་འགོ་ཁྲིད་གཙོ་བོས་གཅིག་ལྕོགས་བྱ་རྒྱུ་དང་། རིམ་པ་གཉིས་པའི་དྲ་མིག་དོ་དམ་དཔོན་ནི་སྡེ་ཁུལ་གྱི་ཀྲི་པུའི་ཧྲུའུ་ཅི་དང་ ཀྲུའུ་རེན་གྱི་འགན་གཅིག་ལྕོགས་འཁུར་རྒྱུ། རིམ་པ་གསུམ་པའི་དྲ་མིག་དོ་དམ་དཔོན་ནི་སྡེ་ཁུལ་“ཨུ་ལྷན་གཉིས་”ཀྱི་ཚན་པའི་ཁོངས་མིས་གཅིག་ལྕོགས་བྱས་ནས། ཧྲུའུ་ཅིས་ཧྲུའུ་ཅི་དམ་འཛིན་དང་། ཧྲུའུ་ཅིས་ཚན་ཁག་དམ་འཛིན། ཚན་ཁག་གིས་ཏང་ཡོན་ལ་དོ་དམ་བྱེད་པ། ཏང་ཡོན་གྱི་མང་ཚོགས་སྣེ་ཁྲིད་བྱེད་པ་བཅས་ཀྱི་རྩ་འཛུགས་མ་ལག་ཅིག་ཆགས་པར་བྱེད་དགོས།

དྲ་མིག་པའི་དཔུང་ཁག་ཧྲག་སྒྲིག་བྱེད་དགོས། དྲ་མིག་པའི་དཔུང་ཁག་འཛུགས་སྐྱོང་སྔར་བས་ཤུགས་ཆེ་གཏོང་བ་དང་སྡེ་ཁུལ་གྱི་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་དང་གནད་འཁེལ་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་དད་སེམས་བརྟན་པོ་དང་། བྱང་ཚད་ལེགས་པ། ལས་དོན་ཏན་ཏིག་སྒྲུབ་པ། མང་ཚོགས་བློ་ཡིད་ཚིམ་པོ་བཅས་ཀྱི་དྲ་མིག་ཅན་གྱི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་དཔུང་ཁག་ཅིག་ཧུར་ཐག་གཏོད་ནས། ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་ལྟར་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཆེད་ལས་ཀྱི་དྲ་མིག་ཅན་གྱི་དོ་དམ་མི་སྣ་གདན་ཞུ་བྱ་དགོས། མིག་སྔར་ཆོས་ཁྲི་ཁྲོམ་གཞུང་ཁུལ་དུ་དྲ་མིག་ཅན་གྱི་དོ་དམ་པ་ཁྱོན་43ཡོད།(ཆེད་ལས་ཀྱི་དྲ་མིག་པ་7དང་ལས་འགན་གཅིག་ལྕོགས་ཀྱི་དྲ་མིག་པ་36ཡོད)

དྲ་མིག་པ་གསོ་སྦྱོང་ཤུགས་ཆེ་རུ་གཏོང་དགོས། དྲ་མིག་ཅན་གྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། དྲ་མིག་པར“གསལ་རྟོགས་གྰ་ལྔ”དང“ཁོངས་མི་བདུན”གྱི་རྩིས་ཁྲར་དང་། ཟླ་རེར་ལེབ་བཤེར། དུས་ཚིགས་མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོང་པ་སོགས་རྩིས་ཁྲའི་རིགས་13བཟོས་པ་མ་ཟད། གཞུང་ཡིག་འབྲི་སྟངས་དང་། ཆ་འཕྲིན་འཚོལ་བསྡུ།གཞི་གྲངས་ཕབ་འཇུག་སོགས་ཀྱི་ལས་དོན་ནས་འགོ་བཙུགས་ཏེ། དྲ་མིག་པར་ཕྱོགས་བསྡུས་བཅོས་སྒྲིག་གསོ་སྦྱོང་བྱས་ནས་དྲ་མིག་ཅན་གྱི་དོ་དམ་དཔུང་ཁག་སྟོབས་ཆེར་གཏོང་བའི་གོང་བུ་འགྲིལ་ཤུགས་དང་སྒྲིག་འཛུགས་ནུས་པ། དམག་འཐབ་ནུས་པར་ཤུགས་སྣོན་བརྒྱབ་དགོས།

གཞི་གྲངས་མཛོད་ཡག་པོ་ཞིག་འཛུགས་དགོས།“གཙང་གསུམ་ཤེས་རིག”ལས་སྟེགས་ལ་བརྟེན་ནས། དྲ་མིག་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་དཔེ་དུམ་རྒྱུན་ཆད་མེད་པར་གསར་སྤེལ་དང་འཐུས་ཚང་དུ་བཏང་སྟེ། དྲ་མིག་པའི་སྡེ་ཁུལ་གྱི་གྲོང་མི་དང་། ཚོང་དུད། སྤྱི་པའི་སྒྲིག་བཀོད་སོགས་ཀྱི་ཆ་འཕྲིན་འཚོལ་བསྡུ་བྱས་པ་བརྒྱུད། དྲ་མིག་ཅན་ཚན་པར་བྱས་ནས་གྲངས་གཞིའི་མཛོད་བཙུགས་ཏེ་ཆ་འཕྲིན་གྱི་འགུལ་རྣམ་མཐོང་རུང་དང་གནད་དོན་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཀྱི“ཀླད་ཆེན”བཏོད་ནས་དྲ་མིག་ཅན་གྱི་བཅོས་སྐྱོང་ལ་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།

སྤྱོད་སྣེ་གཅིག་ཁྱབ་སྤེལ་གཏོང་དགོས། ཆ་འཕྲིན་ཅན་གྱི་ལས་སྟེགས་གཞི་རྟེན་དུ་བྱས་ནས“གཙང་གསུམ་ཤེས་རིག”གི་སྒུལ་བདེའི་དུད་སྣེ་ཁྱབ་གདལ་དང་བེད་སྤྱོད་གཏོང་བ་དང་། གྲོང་མི་དང་དྲ་མིག་ཅན་གྱི་དོ་དམ་པའི་བྱེད་ནུས་པར་གཞི་2མཁོ་འདོན་བྱེད་པ། གྲོང་མིའི་རེ་ཞུ་དེ་དྲ་ཐོག་དང་དྲ་མིག་པའི་དོ་དམ་པས་གནད་དོན་འདོན་རྒྱུར་སྟབས་བདེ་ཡོང་བ་བཅས་བྱས་ནས་དྲ་མིག་ཅན་གྱི་བཅོས་སྐྱོང་བྱ་ཡུལ་གྲོང་མི་མི་རེ་ངོ་རེའི་སྣེ་མོ་རྒྱང་བསྲིང་ཐོབ་ཡོད་པ་རེད།

ལམ་སྲོལ་ཡག་པོ་ཞིག་འཛུགས་དགོས། ཞབས་ཞུའི་ལས་ཕྱོད་དང་གྲོང་མིའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། “གཙང་གསུམ་བློ་གྲོས”ལས་སྟེགས་འཛུགས་སྐྲུན་རྣམ་གྲངས་ལེགས་སྒྲུབ་བྱེད་པའི་རྨང་གཞིའི་ཐོག་ལས་སྟེགས་དྲ་ཐོག་མཉམ་སྤྱོད་དང་། མཉམ་འབྲེལ། མཉམ་སྦྲེལ། མཉམ་བཅོས་བཅས་ཀྱི་ནུས་པ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཞིང་། གྲོང་མི་དང་དྲ་མིག་པས་ཕུལ་བའི་གནད་དོན་སྔོན་ལ་ཁྲེང་ཀོན་གྲོང་རྡལ་གྱི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་དྲ་མིག་ཅན་གྱི་དོ་དམ་བཅའ་ཁྲིམས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་དང་། ཁྱབ་ཁོངས་ལས་བརྒལ་བའི་དོན་ཚན་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱ་རྒྱུ་དང་འབྲེལ་སྒྲུབ་རྒྱུར་གཞོགས་འདེགས་བྱ་རྒྱུ་རེད།