འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་འགའི་རིང་། ཆབ་མདོ་གྲོང་ཁྱེར་གྱིས“ཚན་རིག་ཅན་གྱི་ཐོན་ལས་བཀོད་པ་དང་། མ་ལག་ཅན་གྱི་ཐོན་ལས་ཕྲེང་འབྲེལ། ཚད་ལྡན་ཅན་གྱི་ཐོན་ལས་འཕེལ་རྒྱས། ཕན་འབྲས་ཐོབ་པའི་ཐོན་རྫས་མཐོར་འདེགས། དམིགས་ཚད་ཅན་གྱི་དཔྱད་ཞིབ”འཕེལ་རྒྱས་བླང་བྱ་གཞིར་བཟུང་། ཞིང་ཕྱུགས་ལས་ཕན་འབྲས་ཆེ་རུ་གཏོང་བ་དང་རོང་འབྲོག་པའི་འབབ་འཕར་ལ་དམིགས་ནས། ཞིང་ཕྱུགས་ལས་ཁྱད་ལྡན་ཐོན་ལས་སྟོབས་ལྡན་དུ་བཏང་བ་དང་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས་ཡོད།
ད་ལོར། ཆབ་མདོ་གྲོང་ཁྱེར་གྱིས་ནོར་གནག་གི་རྒྱུད་པའི་ཕ་གླང1495ཁྱབ་གདལ་དུ་གཏོང་བ་དང་ནོར་གནག་མགོ་གྲངས7679ལ་རབས་གཅིག་རྒྱུད་སྦྱོར་ལག་བསྟར་བྱ་རྩིས་ཡོད་ཅིང་། མིག་སྔར། རྫོང་དང་ཆུས་སོ་སོར་ལས་འགན་ཞིབ་ཚགས་དབྱེ་ཕྲལ་བྱས་ཡོད། ལོ་མཇུག་ཏུ་ལག་ཡོད་གསོ་སྤེལ་ནོར་གནག་ཁྲི159ཟིན་པའི་འཆར་གཞི་བཟོས་ཡོད་པ་དང་། མིག་སྔའི་བར་ལག་ཡོད་ནོར་གནག་གི་གྲངས་འབོར་ཁྲི160.12ཟིན་ཡོད། བོད་ཕན་གསོ་སྤེལ་རྟེན་གཞི23བསྐྲུན་ནས་ལོ་མཇུག་ཏུ་ལག་ཡོད་བོད་ཕག་གི་གྲངས་འབོར་ཁྲི16ལ་སླེབས་རྒྱུའི་འཆར་གཞི་ཡོད་ཅིང་། མིག་སྔའི་བར་ལག་ཡོད་བོད་ཕག་གསོ་སྤེལ་གྱི་གྲངས་འབོར་ཁྲི11.06ཟིན་ཡོད་པ་དང་། དེའི་ཁྲོད་རྒྱུད་སྤེལ་མོ་ཕག་ཁྲི1.84ཡོད། ཨ་དབང་ལུག་གསོ་སྤེལ་རྟེན་གཞི9དང་ཨ་དབང་ལུག་སྦྲུམ་རྟེན་ལྟེ་གནས1བསྐྲུན་ནས་ལོ་མཇུག་ཏུ་ལག་ཡོད་གསོ་སྤེལ་ཨ་དབང་ལུག་གྲངས་འབོར་ཁྲི36ཟིན་པ་དང་ཨ་དབང་ལུག་གི་རྒྱུད་པའི་ལུག་ཐུག1063ཁྱབ་གདལ་དུ་གཏོང་རྩིས་ཡོད་པ་དང་། མིག་སྔའི་བར་ལག་ཡོད་ཨ་དབང་ལུག་གི་གྲངས་འབོར་ཁྲི37.43ཟིན་ཡོད་པ། བོད་བྱ་གསོ་སྤེལ་རྟེན་གཞི18ལ་བརྟེན་ནས་ལོ་མཇུག་ཏུ་བོད་བྱ་གསོ་སྤེལ་གཞི་ཁྱོན་ཁྲི30ཡན་དུ་སླེབས་པའི་འཆར་གཞི་ཡོད་ཅིང་། མིག་སྔའི་བར་ལག་ཡོད་བོད་བྱའི་གྲངས་འབོར་ཁྲི18.42ཟིན་པ་དང་སྒོ་ང་ཐོན་ཚད་ཏུན95སླེབས་ཡོད།
གཞན་ཡང་། མིས་ཐབས་ལ་བརྟེན་པའི་གཟན་རྩྭའི་རྒྱ་ཁྱོན་མུའུ་ཁྲི7.82འདེབས་འཛུགས་བྱ་རྩིས་ཡོད་ཅིང་། དེའི་ཁྲོད་གཟན་རྩྭ་བསྐྱར་འདེབས་དང་ཁང་བའི་རྒྱབ་མདུན། “དབྱར་རྩྭ་དགུན་སྐོར”བཅས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི6.72ཟིན་པ་དང་། འོས་འཚམ་ས་ཁུལ་དུ་འདེབས་འཛུགས་བྱས་པའི་གཟན་རྩྭའི་རྒྱ་ཁྱོན་མུའུ་ཁྲི1.1ཟིན་ཡོད། མིག་སྔའི་བར་གཟན་བརྩྭ་བསྐྱར་འདེེབས་དང་ཁང་བའི་རྒྱབ་མདུན། “དབྱར་རྩྭ་དགུན་སྐོར”བཅས་ཀྱི་རྣམ་གྲངས་ཐད་མ་དངུལ་སྒོར་ཁྲི324དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།