འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་7ཉིན། མཐོ་རྒྱུགས་དངོས་སུ་འགོ་ཚུགས་ཤིང་། ཆབ་མདོའི་རྒྱུགས་ཁུལ་གྱི་རྒྱུགས་སྤྲོད་སློབ་མ4853རྒྱུགས་རའི་ནང་ཞུགས་ནས་མི་ཚེའི་འགག་རྩའི་ཡིག་རྒྱུགས་ཆེན་པོར་བསུ་བ་ཞུས་པ་རེད།
གྲོང་ཁྱེར་ཡོངས་སུ་མཐོ་རྒྱུགས་ལ་ཞུགས་མཁན་གྱི་རྒྱུགས་སྤྲོད་སློབ་མ4920ཡོད་པ་ལས་ཆབ་མདོའི་རྒྱུགས་ར་ཞུགས་མཁན་4853གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་། གྲོང་ཁྱེར་མཐོ་འབྲིང་དང་པོ། གྲོང་ཁྱེར་མཐོ་འབྲིང་གཉིས་པ། གྲོང་ཁྱེར་མཐོ་འབྲིང་གསུམ་པ། གྲོང་ཁྱེར་མཐོ་འབྲིང་བཞི་པ། གྲོང་ཁྱེར་མཐོ་འབྲིང་ལྔ་པ་སོགས་རྒྱུགས་སྤྲོད་ས་ཚིགས6ཡི་རྒྱུགས་ར165དུ་ཡིག་རྒྱུགས་གཏོང་གི་ཡོད་པ་རེད།
རྒྱུགས་ལེན་བདེ་བླག་ཡོང་ཆེད། ངེད་གྲོང་ཁྱེར་གྱིས་མཐོ་རྒྱུགས་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་ཚད་གཞི་མཐོ་ཤོས་དང་བྱེད་ཐབས་ནན་ཤོས་ཀྱི་ཐོག་ནས་རྒྱུགས་ལེན་བདེ་འཇགས་དང་། རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཡོད།