国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年06月02日

ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་དོན་རུ་ཁག་ཁག་བཅུ་པས་བྱིས་པའི་ཕན་བདེ་ཁང་དུ་དྲུག་གཅིག་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་དོན་རུ་ཁག་ཁག་བཅུ་པའི་ཆབ་མདོ་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དང་པོ་དང་གཉིས་པར་བསྐྱོད་དེ་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་ནས་ཕྲུ་གུ་ཚོར་མཉམ་སྡེབ་སྐྱེས་སྐར་གཏོང་བ་དང་འབྲེལ་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། གཅེས་སེམས་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་དོན་རུ་ཁག་ཁག་བཅུ་པས་བྱིས་པའི་ཕན་བདེ་ཁང་གཉིས་ལ་གཅེས་སེམས་ལག་རྟགས་སྤྲད་པ་དང་། སློབ་མར་ཡིག་ཆས་དང་། ལུས་རྩལ་མཁོ་ཆས། བྱིས་པའི་ཀློག་དེབ་སོགས་ཀྱི་དངོས་ཟོག་སྤྲད་པ་རེད། འདི་ནི་བོད་སྐྱོར་རུ་མིས་ཕྲུ་གུ་ཚོར་ཐུན་མོང་ཐོག་སྐྱེས་སྐར་གཏོང་སྐབས་ཕྲུ་གུ་ཚོ་དང་མཉམ་དུ་ཡང་ལཱ་ལ་ཕུ་བརྒྱབ་པ་དང་སྒོ་ངའི་བག་ལེབ་ཟ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་དོན་རུ་ཁག་ཁག་བཅུ་པའི་ཆབ་མདོ་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དང་པོ་དང་གཉིས་པར་བསྐྱོད་དེ་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་ནས་ཕྲུ་གུ་ཚོར་མཉམ་སྡེབ་སྐྱེས་སྐར་གཏོང་བ་དང་འབྲེལ་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།

གཅེས་སེམས་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་དོན་རུ་ཁག་ཁག་བཅུ་པས་བྱིས་པའི་ཕན་བདེ་ཁང་གཉིས་ལ་གཅེས་སེམས་ལག་རྟགས་སྤྲད་པ་དང་། སློབ་མར་ཡིག་ཆས་དང་། ལུས་རྩལ་མཁོ་ཆས། བྱིས་པའི་ཀློག་དེབ་སོགས་ཀྱི་དངོས་ཟོག་སྤྲད་པ་རེད།

འདི་ནི་བོད་སྐྱོར་རུ་མིས་ཕྲུ་གུ་ཚོར་ཐུན་མོང་ཐོག་སྐྱེས་སྐར་གཏོང་སྐབས་ཕྲུ་གུ་ཚོ་དང་མཉམ་དུ་ཡང་ལཱ་ལ་ཕུ་བརྒྱབ་པ་དང་སྒོ་ངའི་བག་ལེབ་ཟ་བཞིན་པ།