国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年06月02日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས30ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྲིག་གཞིའི་ལས་དོན་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”དང་། “ལྗོངས་ཀྱི་གནས་ཆེ”“གྲོང་ཁྱེར་གྱི་གཙོ་གནད”བཅས་ལ་དམིགས་ཏེ་ལས་ཁུངས་ཀྱི་སྒྲིག་ཁོངས་ཐོན་ཁུངས་བཀོད་སྒྲིག་གི་གནད་སྨིན་རང་བཞིན་དང་ཕན་འབྲས་ཐོན་པའི་རང་བཞིན་མུ་མཐུད་ཆེ་རུ་བཏང་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆུ་ཚད་མཐོ་བའི་ཞབས་ཞུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག《〈སྒྲིག་གཞིའི་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་བྱ་ཐབས〉(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཞིབ་སྲོལ》དང《འགྱུར་མེད་གཅུན་སྡོམ་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལས་ཁུངས་སྒྲིག་གཞིའི་ལེགས་སྒྲིག་གི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་པ་མ་ཟད། ངེད་གྲོང་ཁྱེར་གྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་བཀོད་སྒྲིག་བྱས་ཡོད།

ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་དང་དུས་རབས་གསར་པའི་ལས་ཁུངས་སྒྲིག་གཞི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་རིམ་གནང་བ་དང་། དུས་རབས་གསར་པའི་ལས་ཁུངས་སྒྲིག་གཞི་ལས་དོན་གྱི་འཐབ་ཇུས་ངེས་གནས་དང་། དམིགས་ཚད་ལས་འགན། ལག་ལེན་གྱི་བླང་བྱ་སོགས་ཕྱོགས་མང་པོའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་བརྒྱུད་རིམ་ལྡན་པའི་ངང་ལན་བཏབ་གནང་ནས་ང་ཚོས་ལས་ཁུངས་སྒྲིག་གཞི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ལས་ཁུངས་སྒྲིག་གཞིའི་ཚན་པ་ཡིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་གནས་བབ་མཐོ་པོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དེ་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། སྒྲིག་སྲོལ་དང་ལམ་སྲོལ་གྱི་ལས་ཕྱོད་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ་ལས་ཆོད་ཆེ་བ་དང་བཅོས་སྐྱོང་བྱེད་ཐུབ་པར་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་གདིང་དགོས། ཐོན་ཁུངས་བགོ་སྒྲིག་ལ་ཕན་འབྲས་ཆེན་པོ་ཐོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་འགན་སྲུང་བྱ་དགོས། འགྱུར་མེད་གཅུན་སྡོམ་གྱི་བླང་བྱ་མཐོ་པོ་མཐའ་འཁྱོངས་བྱས་ནས་ལས་ཁུངས་ཀྱི་སྒྲིག་ཁུངས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་ངོས་འཛུགས་སྐྱོང་གི་ཚད་གཞི་མཐོ་པོ་མཐའ་འཁྱོངས་ཀྱིས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྒྲིག་གཞིའི་ལས་བྱེད་པའི་དཔུང་ཁག་གཏོད་དགོས་པའི་ནན་བཤད་གནང་ཡོད།