འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས31ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་ཆེད་དོན་སློབ་སྦྱོང་བྱས་པ་མ་ཟད། རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་འགོ་ཁྲིད་བློ་མཐུན་དང་ཆེད་མཁས་པ་གདན་འདྲེན་བྱས་ནས་ཆེད་དོན་ཟུར་ཁྲིད་བྱས་ཡོད། ཀུང་ཧུའེ་ཚའེ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་ཤར་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མཐའ་གཅིག་ཏུ་སྲུང་དགོས་པའི་ནན་བཤད་གནང་ཡོད་པ་རེད།
(པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད)རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའི་ལྷོ་ནུབ་ལྟ་ཞིབ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ལུའོ་ཡུན་གྱིས་ཁ་བྱང་་ལ《བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ལངས་ནས་འཕེལ་རྒྱས་ཇུས་འགོད་བྱེད་དགོས》ཞེས་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ་བ་རེད།
རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའི་ལྷོ་ནུབ་ལྟ་ཞིབ་ཅུས་ཀྱི་རིམ་པ་གསུམ་པའི་བརྟག་ཞིབ་པ་ཝོ་ཡོན་གྱིས་ཁ་བྱང་ལ《བོད་ཀྱི་རེས་སྐོར་གཉིས་པའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྙན་ཞུར་དབྱེ་ཞིབ་དང་དག་ཐེར་ལས་དོན་ཐད་ཀྱི་བསམ་གཞིགས》ཞེས་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ་བ་རེད།
ཀུང་ཧུའེ་ཚའེ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བར་ཐོབ་པའི་མཚོན་རྟགས་རང་བཞིན་དང་། གསར་གཏོད་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་བསམ་བློའི་མཚོན་ཆ་ཆེན་པོ་ཞིག་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མུ་མཐུད་མཐོ་རུ་བཏང་སྟེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་རླབས་ཆེན་བསྐྱར་དར་གྱི་མཐོ་ཚད་ཐོག་ལངས་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་རྒྱུར་མཐའ་འཁྱོངས་ལ་བརྟེན་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་ཤུགས་རྒྱག་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “གཏན་འཁེལ་གཉིས”སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ལག་ལེན་དངོས་ལ་བརྩིས་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”དམ་པོར་དམིགས་ཏེ། ཆབ་མདོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་
གཏོད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་དགོས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་ལུའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཀྲང་ཅན་ཧྭ། ལུའེ་གོ་ཅན། ལི་ཧྲེ་ཅང་། ཀྲང་ཝུན་ཧྲེང་། དངོས་གྲུབ་ཟླ་བ། རེན་ཧུའེ་མིན། ཝང་ཧྲི་ཡུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།