国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月26日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་གྲོང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2023ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ཞིང་། ཁོང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ལྷག་བསམ་རྣམ་དག་གིས་“གཏན་འཁེལ་གཉིས”སྲུང་སྐྱོབ་དང་། ལྷག་བསམ་རྣམ་དག་གིས་“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་མཐོ་ཚད་ཐོག་ལངས་ཏེ། གཙོ་གནད་འོས་འགན་ལ་དམ་པོར་དམིགས་ནས་དངོས་འཛིན་དངོས་སྒྲུབ་དང་། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། ངེད་གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཝང་ཡ་ཏུང་དང་། ཀྲང་ཅན་ཧ། ཝེ་ཆང་བཅས་ཞུགས་པ་རེད།

ཚོགས་འདུར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན། ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2023ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་། གྲོང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2022ལོའི་ལས་ཀའི་ཕྱོགས་སྡོམ་དང་2023ལོའི་ལས་ཀའི་གཙོ་གནད་སོགས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། ང་ཚོས་དུས་རབས་གསར་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐོག་གི་གསུང་བཤད་ཀྱིས་དུས་རབས་གསར་པའི་དམག་ཞབས་ཐིམས་པའི་དམག་མིའི་ལས་ཞུགས་བཀོད་སྒྲིག་དང་། ཞབས་ཞུ་འགན་ལེན། ཁེ་དབང་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་ཡག་པོ་བསྒྲུབས་པར་ཞིབ་ཕྲའི་ངང་བཀོད་སྒྲིག་བྱས་པ་དེས་ང་ཚོར་མཛུབ་ཁྲིད་ནུས་ལྡན་དང་ཞིབ་ཕྲའི་བྱ་ཐབས་མཁོ་འདོན་བྱས་ཡོད། རིམ་ཁག་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་གཅིག་ནས་བསམ་བློའི་སློབ་གསོ་དམ་འཛིན་ཡག་པོ་བྱས་ནས་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་ཞབས་ཞུའི་འགན་ལེན་ལ་དམ་འཛིན་བྱས་ནས་སེམས་ཁུར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་གཙོ་གནད་ལས་འགན་དམ་འཛིན་ཡག་པོ་བྱས་ནས་ནུས་པ་འདོན་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་གཉིས་བཀུར་མཉམ་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་རྣམ་པ་བཟང་པོ་གཏོད་དགོས། ལྔ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་དམ་འཛིན་ཡག་པོ་བྱས་ནས་ལས་དོན་དོན་འཁྱོལ་བྱ་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།