འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས23ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ནོར་དཔལ་ཨུ་ལྷན་གྱི་2023ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་བཅས་བྱས་ཏེ། ཆབ་མདོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་ངང་གཏོད་དགོས་པའི་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག《2022ལོའི་ལོ་འཁོར་གྱི་ནོར་དཔལ་ལས་དོན་དོན་འཁྱོལ་བྱས་ཚུལ་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ ནོར་དཔལ་ཨུ་ལྷན་གཞུང་དོན་ཁང་གི་ཕྱོགས་བསྡོམས་སྙན་ཞུ》དང《ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ནོར་དཔལ་ཨུ་ལྷན་གྱི2023ལོའི་ལས་དོན་གྱི་གཙོ་གནད》ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།
ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་12གཙོ་སྐྱོང་གནང་ནས་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་། ཕུགས་ཀྱི་འཕེལ་རྒྱས། དམངས་འཚོའི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་རབ་དང་རིམ་པར་ཆེད་དོན་ཞིབ་འཇུག་གནང་བ་རེད། ལྷག་པར་དུ་ད་ལོའི་ཟླ་5ཚེས་5ཉིན་འཚོགས་པའི་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག“དངོས་ཚན་དཔལ་འབྱོར་གྱིས་འདེགས་སྐྱོར་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ཏེ་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས།་”ཞེས་ནན་བཤད་བྱས་པས། ང་ཚོས་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།ཕྱོགས་སྟོན་གསར་ཤོས་མཁོ་འདོན་བྱས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ད་ལོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་ནས་ནོར་དཔལ་ལས་དོན་ལ་བརྒྱུད་རིམ་ལྡན་པས་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དེས་ང་ཚོས་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་གནང་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་བཅས་བྱས་ཏེ། ཆབ་མདོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་ངང་གཏོད་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་ཕན་འབྲས་ཐོན་པའི་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་རྒྱུར་དམ་པོར་དམིགས་ཏེ་དམངས་འཚོའི་བདེ་སྐྱིད་ཆེ་རུ་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་ཆེར་གཏོང་ལ་དམ་པོར་དམིགས་ཏེ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བར་དམ་པོར་དམིགས་ཏེ་བདེ་འཇགས་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་ཏེ་འགན་འཁྲི་དོན་འཁྱོལ་ཐུབ་རྒྱུར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད།

