国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月26日

ཆབ་མདོ་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་མུའུ་ཁྲི་2.79བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། འདི་ལོ་ཆབ་མདོ་གྲོང་ཁྱེར་གྱིས་ས་ཆ་སྔོ་འགྱུར་ལས་དོན་ཤུགས་ཆེན་སྤེལ་ཞིང་། མིག་སྔའི་བར། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་2.79བྱས་པ་དང་། ཤིང་འཛུགས་ལ་ཞུགས་མཁན་མི་ཐེངས་ཁྲི་3.85ཟིན་ནས་རང་བྱུང་ནགས་ཚལ་གཅོད་མཚམས་བཞག་པའི་ཁ་གསབ་མ་དངུལ་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྣམ་གྲངས་མུའུ་4546ལེཌ་སྒྲུབ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་ས་ཆ་དང་སྡོང་ཕྲུག་འདེམས་སྒྲུག་ཞིབ་ཚགས་དང་། འཛུགས་སྐྲུན་ལས་འགན་བགོ་བཤའ་ལུགས་མཐུན། ནགས་བཟོའི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས། དུས་མཇུག་གི་དོ་དམ་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཤིང་འཛུགས་ནགས་བཟོའི་གྲུབ་འབྲས་སྔར་བས་ཆེ་རུ་བཏང་བ་དང་ཆབས་ཅིག 2022ལོའི་ནགས་བཟོ་ནགས་སྐྱོང་གི“སྔོན་འཛུཌ་རྗེས་གསབ”ལས་གྲྭ་དང་2021—2022ལོའི་གྲོང་གསེབ་ཀྱི“འགྲམ་བཞིའི” ཤིང་འཛུགས་ལ་གསབ་འཛུགས་གསབ་བཟོ་དང་དུས་མཇུག་གི་དོ་དམ་གཡོག་བྱེད་བྱས་ཡོད་པ་རེད།