国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月26日

ཁྲུང་ཆིང་གྲོང་ཁྱེར་ཕྱུགས་ལས་ཚན་རིག་ཁང་གིས་ངེད་གྲོང་ཁྱེར་གྱི་འབྲི་གཡག་ཐོན་ལས་ལས་དོན་ལ་བརྟག་ཞིབ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་23ཉིན། ངེད་གྲོང་ཁྱེར་གྱིས་ཁྲུང་ཆིང་གྲོང་ཁྱེར་ཕྱུགས་ལས་ཚན་རིག་ཁང་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིང་ཀུའེ་ཡིས་གཙོ་སྐྱོང་ཞུས་ཡོད། ཚོགས་འདུའི་ཐོག་ངེད་གྲོང་ཁྱེར་གྱི་འབྲི་གཡག་ཐོན་ལས་ཀྱི་གནས་ཚུལ་སྙན་ཞུར་གསན་རྗེས། ཁྲུང་ཆིང་གྲོང་ཁྱེར་ཕྱུགས་ལས་ཚན་རིག་ཁང་གི་བརྟག་ཞིབ་ཚོགས་ཆུང་གིས་ངེད་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་དང་མཉམ་དུ་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་དང་དེ་བཞིན་འཕེལ་རྒྱས་ཀྱི་འཆར་འགོད་ཐད་སྤེལ་རེས་གཏམ་བཤད་གནང་བ་རེད།

ཝུའེ་ཤིང་ཀུའེ་ཡིས་འབྲེལ་ཡོད་ཚན་པ་ཁག་གིས་བོད་སྐྱོར་ཞིང་ཆེན་དང་བོད་སྐྱོར་ཁེ་ལས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་སྟེ། འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ཏེ་རླུང་འཕྲིན་བརྙན་འཕྲིན་དང་། དྲ་རྒྱའི་ལས་སྟེགས། རང་སྨྱན་སྦྱོར་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་འབྲི་གཡག་ཐོན་ལས་དྲིལ་བསྒྲགས་དང་། འབྲི་གཡག་གི་རིག་གནས་སྔོག་འདོན། འབྲི་གཡག་གི་སྙིང་སྟོབས་དར་སྤེལ། འབྲི་གཡག་གི་ཐོན་རྫས་འོས་སྦྱོར་བཅས་བྱས་ཏེ་ཁྲོམ་རའི་གཙོ་གཟུགས་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འབྲི་གཡག་ཐོན་ལས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བཏོད་དེ་སྤྱི་ཚོགས་ཡོངས་ཀྱིས་འབྲི་གཡག་གི་རིག་གནས་དང་སྤུས་རྟགས་ཀྱི་རིན་ཐང་ལ་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།