འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཇ་རྟའི་ཐང་ཆེན་དུ“5·25པགས་གཅེས་ཉིན་མོའི”ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་ཡིས་བཅའ་ཁྲིམས་ཁྲིམས་སྲོལ་དང་། མཛེས་རྫས་ཀྱི་རྨང་གཞིའི་ཤེས་བྱ། སྣང་ཚུལ་མི་ལེགས་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་རྣམ་པ་སྣ་ཚོགས་ཀྱི་མཛེས་རྫས་ཀྱི་བདེ་འཇགས་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་བློ་འདྲི་ཞབས་ཞུའི་སྟེགས་བུ་བཙུགས་པ་བརྒྱུད་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་ས་གནས་ས་ཐོག་ཏུ་འཛད་སྤྱོད་པའི་གནད་དོན་ལ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་མི་ཚོས་མཛེས་རྫས་ངོས་འཛིན་དང་བེད་སྤྱོད་ཡང་དག་བྱེད་པ་དང་། ཚན་རིག་དང་ཡང་དག་པའི་སྒོ་ནས་མཛེས་རྫས་གདམ་ག་བྱེད་པ། གྲོང་མིའི་མཛེས་རྫས་བདེ་འཇགས་ངང་བེད་སྤྱོད་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་3000ལྷག་ཙམ་དང་དྲིལ་བསྒྲགས་ཡིག་རིགས་3900སྤྲད་པ་དང་ཁྱབ་གདལ་བཏང་ཚད་མི་གྲངས་མི་ཐེངས་5300ལྷག་ཙམ་ཟིན་ཡོད་པ་རེད།

