国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月26日

ཆབ་མདོས་གྲོང་ཁྱེར་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་པ།་

འདི་ནི་གསོ་སྦྱོང་ནང་ཞུགས་མཁན་སློབ་མའི་ཡུལ་དངོས་སུ་གསར་འགྱུར་བཅར་འདྲི་དང་རྩོམ་སྒྲིག་བཀོལ་སྤྱོད་བྱས་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་ཆ་འཕྲིན་ལྟེ་གནས་དང་མཉམ་འབྲེལ་ཐོག་དུས་ཡུན་ཉིན་བཞིའི“གྲོང་ཁྱེར་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་བཅར་འདྲི་དང་རྩོམ་སྒྲིག་མི་སྣའི་ལས་སྒོ་མཐོ་རུ་གཏོང་བའི་བཀོལ་སྤྱོད་ལག་ལེན་གྱི་གསོ་སྦྱོང་འཛིན་གྲྭ”གཉེར་བ་རེད། དེའི་དམིགས་ཡུལ་ནི་ཀྲུང་དབྱང་གི《སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དེ་ཡིན་ལ། ཆབ་མདོའི་གསར་འགྱུར་འཐབ་ཕྱོགས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཆབ་མདོ་གྲོང་ཁྱེར་གྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྨྱན་སྦྱོར་ལས་སྟེགས་ཁག་དང་རྫོང(ཆུས)11གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་སྒོའི་རྐང་འཛིན་པ་གསོ་སྦྱོང་ནང་ཞུགས་ཡོད།

གསོ་སྦྱོང་ཐོག་ཆེད་མཁས་པས་འཆད་ཁྲིད་བྱས་ཏེ། ཁ་ཕྱོགས་ཡང་དག་སྟངས་འཛིན་གྱི་ཁྲིད་སྟོན་ནུས་པ་གཙོ་གནད་ཐོག་ཆེ་རུ་བཏང་བ་དང་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ནས་དྲང་ཕྱོགས་གླེང་ཕྱོགས་ཀྱི་གཙོ་རྒྱུན་མི་ཆད་པར་བརྟན་དུ་བཏང་ཡོད།

གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བཅར་འདྲི་དང་རྩོམ་སྒྲིག་དང་བརྩམས་ཆོས་སྒྲིག་བཟོ་བྱས་པར་ཤིན་ཧྭ་གསར་འགྱུར་ཁང་གི་རིགས་གཅིག་མཁས་ཅན་གྱིས་བརྩམས་ཆོས་ལ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་དང་དཔྱད་བརྗོད་བྱས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་ཆབ་མདོའི་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ནས་སློབ་ཚན་བཀོད་སྒྲིག་བྱས་ཏེ་སེམས་ལ་ཟུག་པ། གོ་བདེ་ལ་ཕན་འབྲས་ཐོན་པ་བཅས་ཀྱི་བྱ་ཐབས་ཐོག་ནས་གསར་རྩོམ་གྱི་རྩལ་ནུས་དང་གཉེར་སྐྱོང་གི་ཉམས་མྱོང་མཉམ་སྤྱོད་བྱས་ཤིང་། རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་གྱོད་དཔེའི་དབྱེ་ཞིབ་ཡོད་ལ་ས་གནས་ས་ཐོག་གི་སློབ་ཁྲིད་དང་བརྩམས་ཆོས་ཀྱི་དཔྱད་གཏམ་ཡང་ཡོད་པས་ཆབ་མདོ་གྲོང་ཁྱེར་དང་རྫོང་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་སྒོའི་ལག་ལེན་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད།