国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月23日

ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མ་འཇོག་ཉོ་ཚོང་གྲོས་མོལ་ཚོགས་འདུའི་སྟེང་རྣམ་གྲངས5ལ་གན་རྒྱ་བཞག་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་སྤེལ་བའི་སྐབས་ལྔ་བའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མ་འཇོག་ཉོ་ཚོང་གྲོས་མོལ་ཚོགས་འདུའི་རིང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་ཚོང་འགུགས་དངུལ་འདྲེན་བརྒྱུད་དེ་རྣམ་གྲངས5ལ་གན་རྒྱ་བཞག་པ་དང་། གན་རྒྱའི་མ་དངུལ་སྒོར་དུང་ཕྱུར6.55ཟིན་ནས་རྣམ་གྲངས་ནང་ནུས་རྒྱུ་སྒྲིག་ཆས་བཟོ་སྐྲུན་དང་། ཕྱུགས་ལས། ཚོང་ཟོག་དངོས་རྒྱུག། རིག་གནས་ཡུལ་སྐོར་སོགས་འདུས་ཡོད།

ཐེངས་འདིའི་ཉོ་ཚོང་གྲོས་མོལ་ཚོགས་འདུའི་རིང་། ཆབ་མདོ་ཡིས་སྔ་རྗེས་སུ་ཁྱད་ལྡན་རིག་གནས་ཐོན་རྫས་འགྲེམ་སྟོན་འགྲེམ་ཚོང་དང་ ཚོང་འགུགས་དངུལ་འདྲེན་འོས་སྦྱོར་གྱི་བྱ་འགུལ་ཆེན་མོ་གཉིས་བཀོད་སྒྲིག་བྱས། འགྲེམ་སྟོན་འགྲེམ་ཚོང་ཁྲོད་བོད་ལྗོངས་ཆབ་མདོ་འགྲེམ་སྟོན་གྱིས་བོད་ལྗོངས་ཀྱི་མི་ཆོས་ལོ་རྒྱུས་སྲོལ་རྒྱུན་རིག་གནས་འབུར་དུ་ཐོན་པ་མ་ཟད། ལྷག་པར་དུ་ཆབ་མདོའི་ཁམས་པའི་རིག་གནས་ཀྱི་དཔའ་ཉམས་དང་སྤྲོ་སེམས། དེ་དང་ཆབས་ཅིག་ཏུ་དེང་རབས་ཅན་དང་གྲངས་འཛིན་ཅན། རིག་ནུས་ཅན་གྱི་ཐོལ་ཤེས་བཅས་མངོན་ཡོད།

འགྲེམ་ཁང་གི་འགྲེམ་སྟོན་ཕུན་སུམ་ཚོགས་ཤིང་དེ་ནང་དུ“དཔལ་འབྱོར་འཕེལ་རྒྱས”དང“རིག་གནས་ཡུལ་སྐོར” ། “ཁྱད་ལྡན་རྫོང(ཆུས)”“ཐོན་ལས་བོད་སྐྱོར་གྲུབ་འབྲས” “ཁྱད་ལྡན་ཐོན་རྫས་མིང་གྲགས”བཅས་འདུས་ཡོད། ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་མི་སྣས། ཐེངས་འདིའི་ཉོ་ཚོང་གྲོས་མོལ་ནང་ཆབ་མདོ་གྲོང་ཁྱེར་གྱི་ཁེ་ལས20ལྷག་ཞུགས་ནས། འགྲེམ་སྟོན་དངོས་རྫས་རིགས100ལྷག་ཟིན་པ་དང་། དེ་ནང་ཤ་སྐམ་དང་ནས་ཀྱི་ཐོན་རྫས། རྒུན་ཆང་། བོད་སྨན། བོད་ཀྱི་ཤ་མོ། སྙི་བ། དབྱར་རྩྭ་དགུན་འབུ་སོགས་ཀྱི་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་དང་ཐང་ག་ཤིང་བརྐོས་སོགས་ཀྱི་ལག་རྩལ་ཐོན་རྫས་ཡོད། དེ་དང་ཆབས་ཅིག་ཏུ་བོད་ལྗོངས་ཀྱི་བོད་སྨན་སྨན་པ་གྲགས་ཅན་གདན་དྲངས་ནས་ཡུལ་དངོས་སུ་འོས་འགན་སྨན་བཅོས་དང་བོད་ཀྱི་གསོ་རིག་དང་བོད་སྨན་དྲིལ་སྒྲོག་འོས་སྦྱོར་བྱས་པ། ཆབ་མདོའི་རི་མོ་འབྲི་མཁན་གྲགས་ཅན་གདན་དྲངས་ནས་ཡུལ་དངོས་སུ་ཐང་ག་འབྲི་བ་དང་་བོད་ལྗོངས་ཀྱི་ཐང་གའི་ལག་རྩལ་མངོན་པ་རེད།

ཉིན་དེའི་ཚོང་འགུགས་དངུལ་འདྲེན་འོས་སྦྱོར་ཚོགས་འདུའི་ཐོག ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་ཆབ་མདོའི་ཚོང་འགུགས་དངུལ་འདྲེན་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་མ་ཟད། སྨར་ཁམས་རྫོང་དང་བྲག་གཡབ་རྫོང་། རི་བོ་ཆེ་རྫོང་། དཔལ་འབར་རྫོང་མཛོ་སྒང་རྫོང་། འཇོ་མདའ་རྫོང་། ཆབ་མདོ་ཁང་ཏན་ནུས་རྒྱུ་གཙང་མའི་མ་འཇོག་ཀུང་སི་བཅས་ཀྱིས་ཚོང་འགུགས་དངུལ་འདྲེན་འོས་སྦྱོར་བྱས་ཡོད།