国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月23日

སྤྲོ་ཞིང་སྤྲོ་བའི་ཁམས་པ·ངོ་མཚར་ལྡན་པའི་ཆབ་མདོ།

—— བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་ཁྲུང་ཆིང་དུ་འགྲེམས་སྟོན་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་20ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཁྲུང་ཆིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན། ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་ལས་དོན་རུ་ཁག་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཁྲུང་ཆིང་ཀྲུང་གོ་འབྲི་ཆུའི་འགག་གསུམ་རྟེན་རྫས་བཤམས་མཛོད་ཁང་དང་། ཆབ་མདོ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་བཅས་ཀྱི་གཉེར་འགན་འཁུར་བ། ཁྲུང་ཆིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། ཁྲུང་ཆིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན། ཁྲུང་ཆིང་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན། ཆབ་མདོ་གྲོང་ཁྱེར་ཆོས་ལུགས་ལས་དོན་ཅུས། ཆབ་མདོ་གྲོང་ཁྱེར་སྨྱན་སྦྱོར་ལྟེ་གནས། ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་སོགས་ཀྱིས་གཉེར་བའི་སྤྲོ་ཞིང་སྤྲོ་བའི་ཁམས་པ·ངོ་མཚར་ལྡན་པའི་ཆབ་མདོ།-ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་ཁྲུང་ཆིང་གི་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཏུ་འགྲེམས་སྟོན་བྱས་པ་རེད།

ད་ཐེངས་ཀྱི་འགྲེམས་སྟོན་ལ་གཙང་གསུམ་མཉམ་རྒྱུག་དང་། ཁམས་པའི་རིག་གནས། མངོན་མིན་རིག་གནས་ཤུལ་བཞག གསར་བརྗེའི་དྲན་འཆར་བཅས་ཚན་པ་བཞི་དང་འགྲེམས་སྟོན་གྱི་ཡན་ལག་ལམ་ཐིག་ཁྲུང་ཆིང་དང་ཆབ་མདོའི་བརྩེ་བ་ཟབ་མོ་ཞིག་ཏུ་དབྱེ་ནས་ཆབ་མདོའི་རང་བྱུང་དང་། ས་ཁམས། ལོ་རྒྱུས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་དང་དེ་བཞིན་ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་ལས་དོན་རུ་ཁག་གི་འབྲེལ་ཡོད་པར་རིས་150ལྷག་ཙམ་དང་དངོས་རྫས་འགྲེམས་རྫས་236འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་ཐོག་ཆབ་མདོ་གྲོང་ཁྱེར་གྱི་རང་བྱུང་ཐོན་ཁུངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་པ་དང་ཆབས་ཅིག་ལྟད་མོ་བ་ཚོས་བོད་ཤར་གྱི་ཁྱད་འཕགས་ཡུལ་གྲུའི་ངོ་མཚར་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཉམས་འགྱུར་དང་བར་ཐག་ཉེ་བའི་ངང་མྱོང་ཚོར་ཐུབ་པ་བྱས་ནས་འཛམ་གླིང་གི་སྣེ་གསུམ་པ་རྨི་ལམ་ལྟར་གྱི་མཛེས་ལྗོངས་མྱོང་རོལ་ཐུབ་པ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་5ཚེས་20ནས་ཟླ་8ཚེས་27ཉིན་བར་ཁྲུང་ཆིང་ཀྲུང་གོའི་འགག་གསུམ་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་རྒྱུ་ཡིན་པ་རེད།