འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི《ཁྲིམས་སྒྱུར་ཁྲིམས་འཛིན་གྱོད་གཞིའི“ཕྱིར་མིག་ལྟ་བའི”བྱེད་སྒོ་སྣུར་སྲིང་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིའི》བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་བྱེད་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དམངས་དོན་ཞིབ་དཔྱོད་བོད་སྐྱོར་རིགས་གཅིག་མཁས་ཅན་ཚོགས་པས་འཇོ་མདའ་དང་། གོ་འཇོ། སྟེང་ཆེན། དཔལ་འབར། ལྷོ་རོང་། དཔའ་ཤོད་སོགས་ཀྱི་རྫོང་ཞིབ་དཔྱོད་ལས་ཁུངས་སུ་བསྐྱོད་ནས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་སྒྱུར་ཁྲིམས་འཛིན་གྱོད་གཞིའི“ཕྱིར་མིག་ལྟ་བའི”ལས་དོན་སྣུར་སྲིང་བྱ་རྒྱུར་མཛུབ་ཁྲིད་བྱས་པ་རེད།
རིགས་གཅིག་མཁས་ཅན་ཚོགས་པ་དང་བཅས་པས་ཁྲིམས་འཛིན་གྱོད་གཞིའི“ཕྱིར་མིག་ལྟ་བའི”གྱོད་གཞིའི་འདྲི་ཞིབ་དཔྱད་བཤེར་བྱེད་སྒོ་གཙོ་གནད་དུ་བཟུང་སྟེ་རྫོང་ཁག་གི་ཞིབ་དཔྱོད་ལས་ཁུངས་ལ་གྱོད་གཞིར་ཞིབ་བཤེར་ཁྲུན་གཅོད་བྱས་འབྲས་དང་། གྱོད་གཞི་སྒྲུབ་པའི་གོ་རིམ། བཅའ་ཁྲིམས་སྤྱད་འཐུས། ཡིག་ཆ་སྐྱེལ་སྤྲོད་སོགས་ཀྱི་ཐད་དམར་ཁྲིད་དང་ངོ་ཐུག་གདོང་འཕྲད་ཀྱིས་ཉམས་མྱོང་སློབ་ཁྲིད་དང་ས་ཆ་དངོས་སུ་གྱོད་གཞིའི་ནང་དོན་ལྟ་ཀློག་ལ་རོགས་ཁྲིད་བྱས་ཁར། དམངས་དོན་ལག་བསྟར་བྱེད་སྒོ་དང་དམངས་དོན་འདྲི་གཅོད་བྱེད་སྒོར་ལྟ་སྐུལ་ཞིབ་བཤེར་བྱེད་པའི་གཙོ་གནད་དང་། ཞིབ་བཤེར་བྱེད་སྟངས། འདྲི་ཞིབ་དཔྱད་བཤེར་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་སོགས་ལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ། 《དམངས་དོན་གཏུག་བཤེར་བཅའ་ཁྲིམས》དང་དེ་བཞིན་འབྲེལ་ཡོད་འགྲེལ་བཤད་དང་། དམངས་དོན་ལག་བསྟར་བྱེད་སྒོས་གཞི་འཛིན་སའི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་བཅའ་ཁྲིམས་དོན་ཚན་ཞིབ་ཕྲ་སྤྱད་འཐུས། བཅའ་ཁྲིམས་དོན་ཚན་གསར་རྙིང་བརྗེ་རེས་སོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།
ཐེངས་འདིའི་ཁྲིམས་སྒྱུར་ཁྲིམས་འཛིན་གྱོད་གཞིའི“ཕྱིར་མིག་ལྟ་བའི”བྱེད་སྒོ་སྣུར་སྲིང་བྱ་རྒྱུར་མཛུབ་ཁྲིད་བྱས་པ་དེས། ཆབ་མདོ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་སྒྱུར་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་མ་ཐེབས་པ་དང་། འདྲི་ཞིབ་དཔྱད་བཤེར་ནང་ཞུགས་མཁན་གྱི་ཧུར་སེམས་འཕེལ་ནས་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་དྲང་བཞག་དྲང་བདེན་ཚོར་ཡོད་པ་རེད།