国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月23日

ལའོ་ཆིན་འུའུ་ཡིས་ཀྲང་ཡུང་ལི་དང་མཇལ་འཕྲད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ནུབ་རྒྱུད་གཏེར་ལས་ཚོགས་པ་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཀྲང་ཡུང་ལི་དང་བཅས་པར་མཇལ་འཕྲད་བྱས་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་དང་ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤེལ་རེས་གཏིང་ཟབ་བྱས་ཡོད་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལུའི་གོ་ཅན་མཇལ་འཕྲད་ནང་ཞུགས་ཡོད།

ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཀྲང་ཡུང་ལི་དང་བཅས་པར་དགའ་བསུ་ཞུས་པ་དང་། ནུབ་རྒྱུད་གཏེར་ལས་ཀྱིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་ས་གནས་དེ་གའི་མང་ཚོགས་ལས་ཞུགས་ལ་སྣེ་ཁྲིད་སོགས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ལའོ་ཆིན་འུའུ་ཡིས་ངེད་གྲོང་ཁྱེར་གྱི་གཏེར་ལས་ལྗང་མདོག་འཕེལ་རྒྱས་མ་ལག་འཛུགས་སྐྲུན་དང་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་གི་བླང་བྱ་ངོ་སྤྲོད་གནང་ཞིང་། ཕྱོགས་གཉིས་པོས་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་གཏུག་ལམ་སྲོལ་འཛུགས་པ། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། སྲིད་གཞུང་དང་ཁེ་ལས་དགེ་མཚན་ལྡན་པའི་ངང་མཉམ་འགུལ་བྱེད་པ། གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་པ། དམངས་འཚོའི་བདེ་སྐྱིད་སྔར་བས་ཆེ་རུ་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲང་ཡུང་ལིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཡུན་རིང་ནང་ནུབ་རྒྱུད་གཏེར་ལས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཀུང་སིའི་ཐོན་ཁུངས་གྲབས་གསོག་དང་། ཐོན་ལས་ཁྱབ་ཚུལ། འཕེལ་རྒྱས་ཀྱི་གནས་ཚུལ། ལྗང་མདོག་གཏེར་རི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཡོད།