国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月23日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་སྲིད་གཞུང་ཁོངས་གཏོགས་ཀྱིས་ལས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བཀོད་སྒྲིག་བྱས་ཡོད་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཀྲང་ཅན་ཧྭ་དང་ལུའི་གོ་ཅན་ཚོགས་འདུར་ཕེབས་ཡོད།

ལའོ་ཆིན་འུའུ་ཡིས་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཀྱི་ཁ་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་དང་ཕན་འབྲས་ལ་སྣང་ཆེན་བྱེད་པ་བཅས་བྱས་ནས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བསྐྲུན་རྒྱུར་འགྲིམ་འགྲུལ་གྱི་འདེགས་སྐྱོར་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས“ནགས་བཟོའི་ལམ་ལུགས”ལ་བརྟེན་ནས“ནགས་བཟོའི་ལས་དོན་སྤེལ་བར”སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ལྷོད་མེད་གཏོང་བ་དང་། རྒྱལ་ཁབ་ས་ཆར་སྔོ་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་བ། གཙོ་གནད་སྣོད་བཅུད་མ་ལག་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་གལ་ཆེན་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་མཐའ་ཚད་ནན་སྲུང་བྱེད་པ། དམངས་འཚོ་རྒྱུན་མཐུད་ངང་འགན་ལེན་དང་ལེགས་སུ་གཏོང་བ་དང་། དམངས་འཚོའི་གཏོང་ཆ་མང་དུ་གཏོང་བ། དམངས་འཚོའི་ཞན་ཆ་གསབ་པ། སློབ་གསོ་དང་། འཕྲོད་བསྟེན། ལས་ཞུགས། རྒན་གསོ་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། ནུས་ཤུགས་ཡོད་རྒུས་ཚོང་འགུགས་ཀྱི་ཁོར་ཡུག་བཟང་པོར་དམ་འཛིན་བྱས་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གསལ་བཅས་ཡོང་བ་བྱ་རྒྱུ་དེ་སྲིད་གཞུང་གི་རྨང་གཞི་མངོན་གསལ་དོད་པོ་ཞིག་ཏུ་འགྱུར་བ་བྱེད་དགོས། “ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ནན་ཏན་ངང་ཡག་པོ་བསྒྲུབས་ནས་བརྟན་པོའི་ངང་མཁོ་སྤྲོད་འགན་ལེན་བྱེད་པའི་དོན་ཆེན་ཨང་དང་པོ་དེ་དམ་འཛིན་ཡག་པོ་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་གྱི་གལ་ཆེའི་ལས་གྲྭ་དེ་དམ་འཛིན་ཡག་པོ་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་འཐབ་ཇུས་དེ་དམ་འཛིན་ཡག་པོ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་གྱི་ལྟེ་བའི་ལས་འགན་དེ་དམ་འཛིན་ཡག་པོ་བཅས་བྱས་ཏེ་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་བྱེད་དགོས་ཞེས་བསྟན།

ཧྲི་ཀྲང་གཞོན་པ་སྒྲོལ་དཀར་དང་ཤེ་ཝུན་ཀོང་ཚོགས་འདུར་ཞུགས་ཡོད།