国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月23日

ཝུའེ་ཤིའུ་ཁྲང་གིས་ཆབ་མདོ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་14ནས་ཚེས19ཉིན་བར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་ཆབ་མདོ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་།མགོ་མདོ་ཆུ་གློག་སོགས་ཁེ་ལས་12ལ་བསྐྱོད་དེ་དཔྱད་ཡིག་ལྟ་ཀློག་དང་། འདྲི་ཤོག་བརྟག་དཔྱད། སྙན་ཞུ་གསན་པ་བཅས་ཀྱི་ལམ་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་བྱས་པའི་ཁར།རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ནས་ཁེ་ལས་ཀྱི་ལས་བཟོར་འཚམས་འདྲི་ཡང་གནང་ཡོད།

ཝུའེ་ཤིའུ་ཁྲང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དངུལ་རྩ་དང་མ་རྩའི་ཁྲོམ་ར་འཛུགས་སྐྲུན་གྱི་ལས་དོན་ལ་མཐོང་ཆེན་བྱས་ཤིང་།

ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་རྣམ་གཉིས་ཀྱིས་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་དོ་ཁུར་དང་། སྐུ་ངོ་མས་ཞིབ་འཇུག་འཆར་འགོད། ཚད་མཐོའི་བཀོད་སྒྲིག་དང་ སྐུལ་འདེད་གཏོང་བ་བཅས་བྱས་ནས་དངུལ་རྩའི་ཁྱབ་ཁོངས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་ཐེངས་མང་གནང་ཡོད། ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་དེ་གོ་སྐབས་སུ་བརྩིས་ནས་ཁེ་ལས་ཀྱིས་གསར་གཏོད་སྙིང་སྟོབས་འདོན་སྤེལ་བྱེད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་གང་ལེགས་བྱས་ཏེ་མ་རྩའི་ཁྲོམ་ར་དང་ལྷག་པར་དུ་ཁེ་ལས་ཁྲོམ་འགྲེམས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་བཅངས་ཏེ་བོད་ཀྱི་མ་རྩའི་ཁྲོམ་ར་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་མངོན་པ་དང་ཚད་བརྒལ་གསར་པ་ཡོང་བ་བྱས་ཏེ་གྲུབ་འབྲས་དངོས་ཀྱི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཝེ་ཤིའུ་ཁྲང་གིས་རྩེ་རིམ་ཇུས་འགོད་ལ་དམ་འཛིན་བྱས་ནས་ཁེ་ལས་ཀྱི་མ་རྐང་སྒྱུར་བཅོས་སོགས་ཀྱི་ནང་དོན་ལ་དམིགས་པ་དང་ཞིབ་ཕྲའི་བྱེད་ཐབས་ཞིབ་ཚགས་དང་འཐུས་ཚང་དུ་གཏོང་བ།སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།ཁེ་ལས་ཀྱི་ཁྲོམ་རར་འདོན་རྒྱུའི་སྲིད་ཇུས་ཀྱི“གདུང་མ་བཞི་དང་ཀ་བ་བརྒྱད”འཛུགས་པ་བཅས་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་ཅིག་ཆགས་པ་བྱེད་དགོས། སྣེ་འདྲེན་དང་སྐུལ་ཁྲིད་བྱེད་རྒྱུར་དམ་འཛིན་བྱས་ཏེ་གཙོ་གཉེར་ལས་སྒོ་མངོན་གསལ་དོད་པོ་ཡོད་པ་དང་། ཁྲོམ་རའི་འགྲན་རྩོད་ནུས་པ་ཅུང་ཆེ་བ། གོང་འཕེལ་གྱི་མདུན་ལམ་བཟང་བ།ཁྲོམ་རར་འདོན་རྒྱུའི་རྨང་གཞི་ཅུང་ཡག་པ་བཅས་ཀྱི་ཁེ་ལས་ཁག་གཅིག་གདམ་གསེས་བྱས་ཏེ་རང་སྐྱོང་ལྗོངས་ལ་འོས་སྦྱོར་ཧུར་ཐག་བྱས་ནས་རྗེས་འདེད་དོ་དམ་བྱས་ཏེ་སྣེ་འདྲེན་ཁེ་ལས་དང་ཁྲོམ་འགྲེམས་ཀུང་སིས་ཐོན་ལས་གཅིག་བསྡུས་གོང་འཕེལ་དང་དེ་བཞིན་སྟོབས་ཆེན་འཁོར་འབྲེལ་དང་། ཁ་གསབ་འཁོར་འབྲེལ། སྣུར་སྲིང་འཁོར་འབྲེལ་བཅས་གོང་འཕེལ་གཏོང་བའི་ཁྲོད་ཀྱི་སྣེ་ཁྲིད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དཔེ་སྟོན་ཁེ་ལས་ཀྱི་དཔུང་ཁག་ཅིག་གཏོད་དགོས།གསོ་སྦྱོང་ལ་དམ་འཛིན་བྱས་ཏེ་རྗེས་གྲབས་རྨང་གཞིའི་ཐོན་ཁུངས་ཁག་གཅིག་སྐྱེད་སྲིང་བྱས་ནས“ཁག་གཅིག་སྐྱེད་སྲིང་དང་། རྐང་དངུལ་ཁག་གཅིག་སྒྱུར་བ།ཁག་གཅིག་ཟུར་ཁྲིད།ཁག་གཅིག་འདུན་ཞུ།ཁག་གཅིག་ཁྲོམ་རར་འདོན་པ། ཁག་གཅིག་སྟོབས་ཆེར་གཏོང་བ”བཅས་ཀྱི་སྐས་རིམ་བཞིན་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། མཐུན་སྦྱོར་ཞབས་ཞུ་ལ་དམ་འཛིན་བྱས་ནས་ཞབས་ཞུ་སྒོ་རྒྱག་གི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་རིམ་སྤོར་ཚོང་གཉེར་ཁོར་ཡུག་ལེགས་སུ་དང་རིམ་སྤོར་བྱ་རྒྱུ་གཙོ་བོར་བྱས་ནས“འགག་མེད་དང་མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཉམ་འཛིན་མཉམ་འཛིན་དང་མཉམ་འདེགས་དང་མཉམ་ཤུགས་བརྒྱབ་སྟེ་གཅིག་གོ་གཅིག་ཆོད་ཀྱིས་ཁེ་ལས་ཀྱི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུར་གནད་སྨིན་རོགས་རམ་བྱས་ནས་ཁེ་ལས་དེ་བས་དྲོ་སྐྱིད་དང་བློ་བདེ་ཡོང་བ་བྱེད་དགོས། གོ་སྐབས་དམ་བཟུང་གིས་མ་རྩའི་ཁྲོམ་རར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཀུང་སིའི་བཅོས་སྐྱོང་གྲུབ་ཆ་འཐུས་ཚང་དུ་ཧུར་ཐག་གཏོང་བ་དང་ནོར་དོན་དོ་དམ་ཚད་ལྡན་དུ་གཏོང་བ། གཉེར་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁེ་ལས་ཁག་གཅིག་ཁྲོམ་རར་འདོན་རྒྱུར་བརྩོན་ལེན་བྱེད་དགོས། རང་འགུལ་ངང་བླང་བྱ་གསར་པ་དང་འཚམ་པ་བྱེད་པ་དང་། གོ་སྐབས་གསར་པ་དམ་འཛིན་བྱེད་པ། ཁེ་ལས་ཀྱི་ཁྱད་ལྡན་ལེགས་ཆར་གཞི་ཚུགས་པ་བཅས་བྱས་ཏེ་ཁེ་ལས་ནང་ཁུལ་གྱི་ཐོན་ཁུངས་སྤུས་ལེགས་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་། ནང་ཁུལ་གྱི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་བ།ཐོན་ལས་འབྲེལ་ཐག་སྔར་བས་གཏིང་ཟབ་ཏུ་གཏོང་བ། རིན་ཐང་འབྲེལ་ཐག་རྒྱ་ཆེར་གཏོང་བ།གསར་གཏོད་འབྲེལ་ཐག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་མིག་སྔའི་མ་རྩའི་ཁྲོམ་རའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་དམ་བཟུང་གིས་ལམ་ལུགས་སྒྱུར་བཅོས་དང་ཁྲོམ་འགྲེམས་ཀྱི་བརྒྱུད་རིམ་ནང་འབད་འཐབ་བྱས་ནས་སྔོན་ལ་སྒྲུབ་མཁས་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།