འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་2023ལོའི་ཁྲིམས་འཛུགས་ལས་དོན་གྱི་མཐུན་སྦྱོར་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཤིང་ ཚོགས་འདུའི་ལས་འགན་གཙོ་བོ་ནི་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་། ངོས་འཛིན་གཅིག་མཐུན། ལུགས་མཐུན་གཅིག་སྡུད། གོ་རིམ་ལྡན་པ་དང་ནུས་ལྡན་བཅས་ཀྱི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་ས་གནས་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆི་ཧྥེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཝུའུ་ཅན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ཚོགས་འདུའི་ཐོག་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་2023ལོའི་ཁྲིམས་འཛུགས་ལས་དོན་སྤེལ་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་སྤེལ་རྒྱུ་གསན་པ་དང་། འབྲེལ་ཡོད་ཚན་པ་དང་སྡེ་ཚན་གྱི་ཁྲིམས་འཛུགས་ལས་དོན་ཐད་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་ནས། ཁྲིམས་འཛུགས་ཐད་ཀྱི་འབྲེལ་ཡོད་གྲོས་འགོར་ཞིབ་འཇུག་གནང་བ་རེད།
ཚོགས་འདུའི་ཐོག སྣེ་ཁྲིད་སྡེ་ཚན་ཁག་གིས་སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལས་འགན་དང་བླང་བྱ་སྔར་བས་ཁ་གསལ་བཟོ་བ། ལས་ཀའི་འགན་འཁྲི་ཏན་ཏིག་སྒྲུབ་པ། འཆར་ཟིན་འགོད་པ་དང་། བརྟག་ཞིབ། དཔང་ཉན། རིགས་པས་ཁུངས་སྐྱེལ། གྲོས་ཞིབ་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་ནས་དུས་ཐོག་ཏུ་སྤུས་ཚད་ལྟར་ཁྲིམས་འཛུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་ལེན་བྱེད་དགོས། དུས་ཚོད་གཏན་འཁེལ་དང་དུས་ཚོད་རེའུ་མིག་སྔར་བས་ཞིབ་ཚགས་སུ་བཏང་སྟེ་ཁྲིམས་བཟོའི་གོ་རིམ་ཁག་དབར་འབྲེལ་མཐུད་ནུས་ལྡན་བྱས་ནས་ཁྲིམས་བཟོའི་འཆར་གཞི་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དེ་ས་གནས་ཀྱི་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་མངོན་པ་བྱས་ནས་ཐབས་ཇུས་དམངས་ལ་འདྲི་བ་དང་། ཕན་འབྲས་དམངས་ལ་འདྲི་བ། སྤྱི་ཚོགས་ཕྱོགས་ཁག་གོ་རིམ་ལྡན་པའི་ངང་ཞུགས་པ་བཅས་ཀྱི་ཐབས་ལམ་དང་བྱེད་སྟངས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས།

