国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月09日

གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལས་བཟོ་པར་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་འབྲེལ་ཐོག་བཅིངས་འགྲོལ་ཐང་ཆེན་དུ་ཁོར་ཡུག་གཙང་སྦྲའི་ལས་བཟོ་པར་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝང་ཁྲུན་ཏིང་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧུང་ཅུན་གྱིས་ཁོར་ཡུག་གཙང་སྦྲའི་ལས་བཟོ་པ་200ལ་ཁ་བཏགས་སྒྲོན་པ་དང་རིན་ཐང་བསྡོམས་འབོར་སྒོར་ཁྲི་14རི་བའི་ས་མཐོའི་ཐབ་ཆས་སྤྲད་པ་མ་ཟད། ད་དུང་ཁོ་ཚོས་དཀའ་སྤྱད་རྔུལ་ཆུ་བཏོན་ནས་གྲོང་ཁྱེར་གྱི་དྭངས་གཙང་མཛེས་སྡུག་ལྡན་པར་དཀའ་སྤྱད་ལས་སྒྲུབ་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོའི་འཐབ་ས་དང་པོའི་ཁོར་ཡུག་སྲུང་སྐྱོང་གི་ལས་བཟོ་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་མཁན་ལས་དོན་མི་སྣར་ལྕག་སྐུལ་ཆེན་པོ་ཐེབས་པ་དང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཟོ་ཚོགས་རྩ་འཛུགས་ཀྱིས་བསྐྱལ་ཡོང་བ་ནི་དྲོ་སྐྱིད་ཙམ་མ་ཡིན་པ། ང་ཚོར་ཐུགས་ཁུར་གནང་བ་དང་བསམ་ཤེས་གནང་བ་ཞིག་ཡིན་ལ། སླད་ཕྱིན་ལས་ཀའི་སྤྲོ་སེམས་རབ་ཏུ་འཁོལ་བ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མུ་མཐུད་གཞན་གྱི་ཁོར་ཡུག་གཙང་སྦྲའི་ལས་བཟོ་པ་200ལ་ས་མཐོའི་ཐབ་ཆས་སྤྲད་རྒྱུ་ཡིན་པ་དང་གྲོང་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་ལས་བཟོ་པ་ཚང་མར་སྤྲད་ཐོབ་པ་བྱ་རྒྱུ་རེད།