འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོ། རང་གྲོང་ཁྱེར་གྱིས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་2023ལོའི་གྲོང་ཁྱེར་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིང་འུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའོ་ཆིང་འུའུ་ཡིས་རྫོང(ཆུས)དང་སྡེ་ཚན་ཁག་གིས་ཡིག་འབུལ་ཞུ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་བརྩིས་ནས“དམངས་ལ་དཀའ་གནད་སེལ་རོགས་དང་ཏང་ལ་དཀའ་ངལ་སེལ་བ་བྱེད་པའི་”ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་“གཏོགས་ཁོངས་དོ་དམ་དང་། རིམ་དབྱེ་འགན་འཁུར། སུས་གཙོ་གཉེར་བྱས་ན་དེས་གཙོ་འཁུར་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། “དོན་དག་ཐག་གཅོད་བྱེད་པའི”དམིགས་ཚད་ཀྱི་སྟོན་ཕྱོགས་གཞིར་བཟུང་གསོག་འཇོག་ཉུང་གཏོང་དང་། འཕར་ཚད་ཚོད་འཛིན་བྱེད་ཚད། སྤུས་ཚད་མཐོ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཡིག་འབུལ་ངོ་བཅར་ལས་དོན་ཡག་པོ་བསྒྲུབས་ནས་ཐེངས་གཅིག་རང་བཞིན་གྱི་འདུམ་འགྲིག་བྱེད་ཚད་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།གཅིག་ནས་འབྱུང་རྩ་ནས་བཅོས་སྐྱོང་བྱས་ཏེ“འགྱངས་ཆད་གཉིས”ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། གཉིས་ནས་ཕུགས་ཕན་ལ་དམིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། གསུམ་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བཅའ་ཁྲིམས་དང་ཞུ་གཏུག་འབྲེལ་བ་ཡོད་པའི་ཡིག་འབུལ་ངོ་བཅར་གྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་ཏན་ཏིག་བྱ་དགོས། བཞི་ནས་ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་བྱས་ཏེ་གྱོད་རྙིང་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་དགོས། ལྔ་ནས་འཛུགས་སྐྲུན་དང་བཅོས་སྐྱོང་ཟུང་འབྲེལ་བྱས་ཏེ་སློབ་གསོའི་ཁྱབ་ཁོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། དྲུག་ནས་གཙོ་གནད་མངོན་གསལ་དོད་པོ་བྱས་ཏེ་ཁེ་ཕན་གྱི་རེ་ཞུ་བྱེད་མཁན་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཁག་གཅིག་ཐག་གཅོད་ཏན་ཏིག་བྱེད་དགོས།
ལའོ་ཆིང་འུའུ་ཡིས་རྫོང(ཆུས)ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་དང་པོ་ཡག་པོ་སྒྲུབ་པ་དང་། འགན་འཁྲི་ཏན་ཏིག་ཁུར་ཏེ། ཞིབ་འཇུག་དང་མཐའ་དཔྱོད་དང་ནད་ཕོག་པ་དང་། འཕྲལ་སྡོམ་ཚོད་འཛིན། ལྟ་སྐུལ་ཞིབ་བཤེར། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཡིག་བསྐུར་ངོ་བཅར་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ།
ཧྲི་ཀྲང་གཞོན་པ་ཝུའུ་ཅན་ཚོགས་འདུར་ཞུགས་པ་རེད།