国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月09日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག

དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་སུ་བཏང་སྟེ། ཆབ་མདོ་ཡུན་རིང་བདེ་འཁོད་དང སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མི་སེམས་གཅིག་འགྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ།་

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། “གཏན་འཁེལ་གཉིས”ལྷག་བསམ་རྣམ་དག་གིས་བརྩི་སྲུང་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་སུ་བཏང་སྟེ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མི་སེམས་གཅིག་འགྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་ཡོད།

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཝང་ཡ་ཏུང་དང་། ལིས་པིང་། ཀྲང་ཝུན་ཧྲན། དངོས་གྲུབ་ཟླ་བ། ཝུའུ་དབྱིང་ཧུའེ། ཐུབ་དགའ། འཕྲིན་ལས་སོགས་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2022ལོར་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་པ། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁྲིའི་ལས་བགོས་དང་ ལས་ཀའི་སྒྲིག་སྲོལ། གཞུང་དོན་ཁང་གི་ལས་དོན་ཞིབ་སྲོལ། 2023ལོའི་ལས་ཀའི་བླང་བྱ་དང་ལས་འགན་ཁག་བགོས་ཀྱི་ཇུས་གཞི་བཅས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

ཀུང་ཧུའེ་ཚའེ་ཡིས་ན་ནིང་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེ་མོའི་བརྗོད་དོན་གཙོ་བོ་སྟངས་འཛིན་ནན་པོ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་ཁག་གི་ལས་དོན་ལ་ཏན་ཏིག་ངང་སྐུལ་འདེད་བཏང་བས་གྲུབ་འབྲས་གསར་པ་ཐོབ་ཡོད་ཞེས་བསྟན།

ཀུང་ཧུའེ་ཚའེ་ཡིས་ད་ལོའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པར་ཆབ་སྲིད་ཀྱི་ཁ་ཕྱོགས་མཐོ་རུ་གཏོང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”ལ་དམིགས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཇུས་འགོད་བྱེད་པ། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིའི་སྣེ་ཁྲིད་དེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པ་བྱེད་དགོས། སློབ་གསོ་དང་ཁྲིད་སྟོན་ལ་དམ་འཛིན་བྱས་ནས་“འདུ་ཤེས་གསུམ་གྱི”སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། མང་ཚོགས་ཚོས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་དེ་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་གཅིག་སེམས་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་ལ་བྱེད་དགོས།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བྱེད་དགོས། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་ལས་དོན་ཏན་ཏིག་སྒྲུབ་པ་དང་། བོད་རིགས་སྤུན་ཟླའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་ཡོད།