འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས5ཉིན་གྱི་སྔ་དྲོ་ངེད་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཚོགས་འདུ་འཚོགས་ཏེ། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། 2023ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་ལས་འགན་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། གཏོར་འཛུགས་མཉམ་བཟུང་དང་། རྩ་ལག་མཉམ་བཅོས། སྤྱོད་ཚུལ་ལེགས་སྒྱུར། དོན་འཁྱོལ་དམ་འཛིན་བཅས་བྱས་ནས་ཆབ་མདོའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་གཏོང་བ། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཐོབ་པར་སྐུལ་སྤེལ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད།)ཝང་ཡ་ཏུང་དང་། ཝེ་ཤིན་ཀུའེ། ཆིས་ཡན་ཧུའེ། ལིས་པིང་། དངོས་གྲུབ་ཟླ་བ། རན་ཧུའེ་མེང་། ཝུའུ་དབྱིང་ཧུའེ་སོགས་ཚོགས་འདུར་ཞུགས་ཡོད། ཀྲང་ཅན་ཧྭ་ཡིས་གཙོ་སྐྱོང་ཞུས་ཡོད། ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་ལས་ང་ཚོས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱིས་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཁྲོད་གནས་པའི་ཞན་ཆར་དབྱེ་ཞིབ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ལ་བཀོད་སྒྲིག་བྱས་པ་དེས། ང་ཚོས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ལ་དམ་འཛིན་བྱེད་པར་མཛུབ་ཁྲིད་ནུས་ལྡན་བསྩལ་ཡོད་ཞེས་བསྟན།
ཀུང་ཧུའེ་ཚའེ་ཡིས་རིམ་པ་ཁག་དང་ཚན་པ་ཁག་གིས་གཅིག་ནས་ལས་ཆོད་ཆེ་ཞིང་སྟབས་བདེ་བའི་སྲིད་དོན་ཁོར་ཡུག་བསྐྲུན་དགོས། གཉིས་ནས་ཕན་ནུས་ལྡན་པའི་སྲིད་ཇུས་ཀྱི་ཁོར་ཡུག་འགན་སྲུང་འཐུས་ཚང་དུ་གཏོང་དགོས། གསུམ་ནས་དྲང་གཞག་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་ལེགས་སུ་གཏོང་དགོས། བཞི་ནས་འདྲ་མཉམ་ངང་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་འཐུས་ཚང་དུ་གཏོང་དགོས། ལྔ་ནས་ཡིད་རྟོན་མཛའ་གྲོགས་ཀྱི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་ཞེས་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཁྱབ་ཁོངས་ཀྱི་དཔེ་མཚོན་གནད་དོན་དང་2022ལོའི་ཚོང་གཉེར་ཁོར་ཡུག་ཁེ་ལས་ཀྱི་གདེང་འཇོག་བྱས་འབྲས་དང་2022ལོའི་གྲོང་ཁྱེར་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་ལས་འགན་ལེགས་སྒྲུབ་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་2023ལོའི་གྲོང་ཁྱེར་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་ལས་འགན་བཀོད་སྒྲིག་ཁྱབ་བསྒྲགས་བྱས་པ་རེད། གྲོང་ཁྱེར་སྲིད་གཞུང་གིས་རྫོང(ཆུས)ཁག་དང་། ཁུལ་གསར་དོ་དམ་ཨུ་ལྷན་དབར་ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་ལས་འགན་གྱི་འགན་འཁྲིའི་ཡི་གེ་ཡང་བཞག་པ་རེད། སྨར་ཁམས་རྫོང་དང་། ཧྥུའུ་ཅན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་དཔའ་ཤོད་རྫོང་གི་ལས་དོན་རུ་ཁག ཁ་རུབ་ཆུས། རི་བོ་ཆེ་རྫོང་བཅས་ཀྱི་ཚོགས་ཞུགས་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།