འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས5ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཆབ་མདོ་གྲོང་ཁྱེར་གྱི་ནགས་དཔོན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན་ཚོགས་འདུ་དང་ལྷག་དོན་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མགྱོགས་མྱུར་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་སྐྱེ་ཁམས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཝང་ཡ་ཏུང་དང་། ཝེ་ཤིན་ཀུའེ། ཀྲང་ཅན་ཧྭ། ཆིས་ཡན་ཧུའེ། ལིས་པིང་། དངོས་གྲུབ་ཟླ་བ། རན་ཧུའེ་མེང་། ཝུའུ་དབྱིང་ཧུའེ་སོགས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ངེད་གྲོང་ཁྱེར་གྱི་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་སྐོར་གྱི་སྙན་སེང་ཉན་པ་མ་ཟད། 2023ལོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
གྲོང་ཁྱེར་ཡོངས་ཀྱིས་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར། ཀུང་ཧུའེ་ཚའེ་ཡིས་རང་འགུལ་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་ནས་སྣོད་བཅུད་ཤེས་དཔལ་གྱི་བསམ་བློའི་ཐོག་ཡང་བསྐྱར་མཐོར་འདེགསགཏོང་དགོས།རྒྱལ་ཁབ་ཀྱི་ས་ཆ་སྔོ་སྒྱུར་བྱ་སྤྱོད་ཐད་ཚད་བརྒལ་ཡོང་ཐབས་བྱེད་དགོས། ནགས་ལས་སྐྱེ་ཁམས་སྲུང་སྐྱོང་ཐད་གཞི་ཐིག་བསྲུང་དགོས། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བརྟན་པོ་འཁུར་བའི་ཐད་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས།སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་བཀྲག་མདངས་འཚེར་སར་འཚོལ་དགོས། སྣོད་བཅུད་དམངས་ཕན་ཐད་འབད་བརྩོན་བྱེད་དགོས། ཁྱོན་ཡོངས་ནས་འགན་འཁྲི་ནན་དུ་གཏོང་བའི་ཐད་མཉམ་འདུས་ནུས་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།