国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月05日

རི་བོ་ཆེ་རྫོང་སློབ་འབྲིང་གིས།

“ལྔ་བཞིའི”སྙིང་སྟོབས་དར་སྤེལ་བཏང་ནས་ལང་ཚོའི་ལེའུ་མུ་མཐུད་རྩོམ་པའི”ལོ་ཆུང་གདོང་ལེན་རུ་ཁག་ནས་་གུང་གཞོན་སྡེ་ཚོགས་ནང་ཞུགས་པའི་མཛད་སྒོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་4ཉིན་གྱི་སྔ་དྲོ། རི་བོ་ཆེ་རྫོང་སློབ་འབྲིང་གིས་གུང་གཞོན་སྡེ་ཚོགས་བཙུགས་ནས་ལོ་101དང་། “ལྔ་བཞིའི”ལས་འགུལ་སྤེལ་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུས་ནས་ལྔ་བཞིའི་ལས་འགུལ་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སློབ་མའི་བླ་ན་མེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་སྐྱེད་སྲིང་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་བཟང་པོ་འཛུགས་པའི་ཆེད་དུ། “ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བར་ལང་ཚོའི་ལེའུ་མུ་མཐུད་འབྲི་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལོ་ཆུང་གདོང་ལེན་རུ་ཁག་ནས་གུང་གཞོན་སྡེ་ཚོགས་ནང་ཞུགས་པའི་མཛད་སྒོ་སྤེལ་བ་རེད།

མཛད་སྒོ་ནི་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་ཤིང་། སྡེ་ཚོགས་ཀྱི་གླུ་གཞས་ལེན་པ། གུང་གཞོན་སྡེ་ཚོགས་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱེད་པ། ལོ་ཆུང་གདོང་ལེན་རུ་ཁག་ནས་ཕྱིར་འཐེན་བྱེད་པ་སོགས་ཀྱི་མཛད་སྒོ་འཚོགས་རྗེས་སྡེ་ཚོགས་ཀྱི་ཚོགས་མི་གསར་པར་ཚོགས་པའི་མིང་ཐོ་འདོགས་པ་དང་། སྡེ་ཚོགས་ནང་ཞུགས་པའི་ལག་ཁྱེར་སྤྲོད་པ། སྡེ་ཚོགས་ནང་ཞུགས་པའི་དམ་བཅའ། སྡེ་ཚོགས་ནང་ཞུགས་པའི་གླུ་གཞས་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཕུལ་བྱུང་སློབ་མ་50གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་ཚོགས་པར་ཞུགས་ཡོད་པ་རེད།

བྱེད་སྒོའི་མཇུག་ཏུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་གསར་པའི་འཐུས་མི་དང་། དགེ་རྒན།གུང་གཞོན་སྡེ་ཚོགས་ཀྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་དང་གུང་གཞོན་སྡེ་ཚོགས་རྫོང་ཨུད་ཀྱི་ཧྲུའུ་ཅིས་ཕྱོགས་སྡོམ་བྱས་པ་དང་འབྲེལ་གུང་གཞོན་སྡེ་ཚོགས་ཀྱི་འཕེལ་རྒྱས་ལག་དེབ་སྤྲད་པ་རེད།