འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ད་ལོའི་དཔྱིད་རྨོ་དཔྱིད་འདེབས་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་ཏན་ཏིག་བྱ་ཆེད། བསྟུད་མར་ཉིན་འགའི་རིང་། ཆབ་མདོ་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་ཡིས“སྔ་མོ་ནས་བཀོད་སྒྲིག་དང་སྔ་མོ་ནས་བཀོད་འདོམས། སྔ་མོ་ནས་གྲ་སྒྲིག སྔ་མོ་ནས་འགུལ་སྐྱོད”ཀྱི་རྩ་དོན་གཞིར་བཟུང་བ་དང་། འབྲེལ་ཡོད་སྡེ་ཁག་གི་གཞོགས་འདེགས་དང་མཐུན་སྦྱོར་དམ་ཟབ་འོག ཞིང་སྤྱོད་རྫས་ལུད་ཉོ་སྒྲུབ་དང་གཏོང་འདྲེན་ལས་དོན་ཧུར་ཐག་གིས་སྤེལ་ཡོད། གྲོང་ཁྱེར་ཡོངས་ཀྱིས་བསྡོམས་པས་ཞིང་སྤྱོད་རྫས་ལུད་ཏུན8040ཉོ་སྒྲུབ་བྱས་ཤིང་། དེའི་ནང་གཅིན་རྒྱུ་ཏུན3942དང་ལེམ་སྐྱུར་ཨན་གཉིས་ཏུན2163། བསྲེས་ལུད་ཏུན1797། བསྐྱར་བསྲེས་རྫས་ལུད138བཅས་ཡོད་ལ། མིག་སྔར་ཞིང་སྤྱོད་རྫས་ལུད་གཏོང་འདྲེན་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད།