国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月05日

ཆབ་མདོ་གྲོང་ཁྱེར་གྱིས་ལྗང་མདོག་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་རྨང་གཞི་སྲ་བརྟན་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་འགའི་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། ཏང་ཀྲུང་དབྱང་དང་ཆུས་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་པའི་འབྲེལ་ཡོད་བཀོད་འདོམས་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། གནད་ཁེལ་བཙོག་བཅོས་དང་ཚན་རིག་དང་ལྡན་པའི་སྒོ་ནས་བཙོག་བཅོས། ཁྲིམས་ལྟར་བཙོག་བཅོས་བྱ་བའི་ཐབས་ཕྱོགས་ལ་བརྟེན་ནས། གཏིང་ཟབ་ངང་རླུང་ཁམས་ཆེན་མོ་དང་། ཆུ། ས་རྒྱུའི་འབག་བཙོག་འགོག་བཅོས་འགུལ་སྐྱོད་གསུམ་སྤེལ་ནས། གྲོང་ཁྱེར་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་རེད། ད་ལོའི་ཟླ་དང་པོ་ནས་གཉིས་པ་བར་དུ་ནུས་ལྡན་ལྟ་ཞིབ་ཚད་ལེན་ཉིན59ལེགས་འགྲུབ་ཟིན་པའི་ནང་། ཉིན51ཤིན་ཏུ་ལེགས་པ་དང་། ཉིན8ཅུང་ལེགས་པས་མཁའ་དབུགས་སྤུས་ཚད་ལེགས་ཚད100%ཟིན་ཞིང་། གཙང་ཆུ་གཙོ་བོ་དང་། མཚོ་དང་མཚེའུ་ཆུའི་སྤུས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་ལས་ཐོན་པ་དང་དེ་ལས་བརྒལ་ཡོད། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་རེད།

ཤེས་གསལ་ལྟར་ན། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལེགས་བཅོས་ལས་དོན་སྤེལ་བའི་ཚུན། ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་བོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་གི་ལས་དོན་གཙོ་བོར་བཟུང་ནས། 《ཀྲུང་དབྱང་གི་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཕྱིར་སློག་གནད་དོན་དག་ཐེར་ལེགས་བཅོས་ཇུས་གཞི》ཡི་བླང་བྱ་ལྟར། བྱ་བའི་ཐབས་ལམ་ཇེ་ལེགས་སུ་བཏང་ཞིང་། གནད་འགག་འཛིན་པ། རྒྱུན་མཐུད་ངང་ཤུགས་སྣོན་པ། གཞན་དབང་རང་འགུལ་དུ་སྒྱུར་བ། བྱ་བའི་ལས་ཆོད་མཐོ་རུ་བཏང་ནས་བྱ་བ་ཞིབ་ཐོ་ཅན་དང་ཞིབ་ཕྲ་ཅན་དུ་བཏང་སྟེ། གོང་རིམ་གྱི་འཐབ་ཇུས་བཀོད་སྒྲིག་སོ་སོ་ལས་དོན་གྱི་གོ་རིམ་ཧྲིལ་བོར་ལག་བསྟར་བྱེད་པ་དང་། ལས་དོན་སོ་སོའི་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་བྱས་ཏེ་བོད་ལྗོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་སྟོབས་ཤུགས་ཕུལ་ཡོད།

ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས། རྒྱུན་མཐུད་ངང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ནུས་བ་འདོན་སྤེལ་གང་ལེགས་བྱས་ནས་ཚད་ལྡན་གྱིས་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བ་དང་། ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་གཟབ་ནན་གྱིས་རྡུང་རྡེག་བྱེད་པ། ནན་ཏན་གྱིས་ཁོར་ཡུག་གི“འདེམས་ཤོག་གཅིག་གི་ཟློག་དབང”ལག་བསྟར་བྱེད་པ། “གཉིས་མཐོ”ཁེ་ལས་ཆབ་མདོ་རུ་གཞི་ཚུགས་པར་འགོག་པ་བཅས་བྱས། དེ་དང་ཆབས་ཅིག་ཏུ“5·22”རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོ་དང་། “6·5”འཛམ་གླིང་ཁོར་ཡུག་ཉིན་མོ་སོགས་ཀྱི་དུས་ཚོད་བེད་སྤྱད་ནས་མང་ཚོགས་ཀྱིས་ཐུགས་ཁུར་བྱེད་པ་དང་། དོན་དངོས་གནད་དོན་དང་ཟུང་འབྲེལ་གྱིས་སྐྱེ་ཁམས་དཔལ་ཡོན་དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་རྩ་འཛུགས་བྱས་ཏེ། ནུས་ཤུགས་ཡོད་ཚད་ཀྱིས་མི་རེ་རེས་ཁོར་ཡུག་སྲུང་སྐྱོང་ལ་ཐུགས་ཁུར་དང་། ཁོར་ཡུག་འཛུགས་སྐྲུན་ཁྲོད་ཞུགས་པ། ཐཱན་ཉུང་བའི་འཚོ་བའི་ཁོར་ཡུག་ཡག་པོ་སྐྲུན་ནས་ཆབ་མདོའི་རི་སྔོ་ཆུ་དྭངས་ཡོངས་སུ་སྲུང་དགོས་པར་བསྟན།