国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月05日

གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་ལྔ་བཞིའི་གཞོན་ནུའི་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་4ཉིན། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཨུད་ཀྱིས་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས་)ཐད་གཏོགས་ཚན་པ་ཁག་གི་སྡེ་ཚོགས་ཀྱི་ཐོན་ཡོན་30ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་“ཕུགས་བསམ་དད་སེམས་བརྟན་གཏོང་གི“ལྔ་བཞིའི”སྙིང་སྟོབས་རྒྱུན་འཛིན་བྱེད་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ་རེད། དེའི་དམིགས་ཡུལ་ནི“ལྔ་བཞིའི”སྙིང་སྟོབས་སྔར་བས་རྒྱུན་འཛིན་བྱས་ཏེ་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བཅས་བྱ་རྒྱུ་དེ་རེད།

བྱེད་སྒོའི་ནང་ཚང་མས་འགྲེལ་བཤད་ནན་ཏན་ངང་ཉན་པ་དང་འགྲེམས་ཁང་ནང་གི་འདྲ་པར་རེ་རེ་དང་། དངོས་པོ་རེ་རེ། པར་རིས་དང་བརྙན་ལམ་བཅས་ཀྱི་ངོ་སྤྲོད་དཔྱད་ཡིག་ལ་ཞིབ་པར་བལྟས་ནས་ཆབ་མདོའི་ལོ་རྒྱུས་ཀྱི་འཕེལ་རྒྱས་རིམ་འགྱུར་དང་གསར་བརྗེའི་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། གསར་བརྗེ་མཁས་ཅན་རྒན་རབས་པ་དང་སྔོན་གཤེགས་དཔའ་བོ་ཚོས་གསར་བརྗེའི་ནང་ཧུར་ཐག་ཞུགས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་ཉན་ནས་ཟིལ་རླབས་དགུང་དུ་འཕྱུར་བའི་གསར་བརྗེའི་ལོ་རྒྱུས་དེ་བསྐྱར་དུ་བཏོད་པ་རེད། མི་སེམས་འགུལ་བའི་གསར་བརྗེའི་རྣམ་པ་ཞིག་ལས་ལྟ་སྐོར་བྱེད་མཁན་ལས་བྱེད་ལས་བཟོ་མི་རེ་ངོ་རེར་ཤུགས་རྐྱེན་ཟབ་མོ་ཐེབས་ནས་ཚང་མའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་འཕེལ་ཡོད།

བྱེད་སྒོའི་ཁྲོད་གུང་གཞོན་སྡེ་ཚོགས་ཀྱི་ཐོན་ཡོན་དང་གཞོན་ནུ་ཚང་མར་ཚོགས་པའི་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱ་རྒྱུའི་སྒྲིག་འཛུགས་བྱས་ནས་སྙན་ཞིང་འཇེབས་ལ་ཤུགས་དང་ལྡན་པའི་མཛད་སྒོར་བརྟེན་ནས་སྡེ་ཚོགས་ཀྱི་ཐོན་ཡོན་དང་གཞོན་ནུའི་གཏོགས་སེམས་དང་གཟི་བརྗིད་ཀྱི་བསམ་པ་འཕེལ་བ་བྱས་པ་དང་རྒྱ་ཆེའི་གཞོན་ནུ་ལས་བྱེད་པར་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱ་རྒྱུའི་ཁྲིད་སྟོན་ཏན་ཏིག་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱིར་བཏང་གི་ལས་གནས་ཐོག་ལང་ཚོའི་སྤྲོ་སེམས་འཕེལ་བ་བྱས་ཡོད།