འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལས་དོན་གཏིང་ཟབ་སྤེལ་བ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་གྱི་གསོན་ཤུགས་འཕེལ་ཆེད་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས“རྩ་འཛུགས་གཅིག་ལ་སྤུས་རྟགས་གཅིག་དང་། ཚན་པ་གཅིག་ལ་ཁྱད་ལྡན་གཅིག”གི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་གྱི་རྣམ་པ་ཧུར་ཐག་བཏོད་པ་རེད།
གཅིག་སྡུད་དཔྱད་ཞིབ་དང་། ཕྱོགས་བསྡུས་ཞིབ་བསྡུར། དཔྱད་འདེམས་ནན་པོ། ས་གནས་ས་ཐོག་ཏུ་དཔྱད་ཞིབ། དམངས་ཀྱི་བསམ་འཆར་བསྡུ་ལེན། གཅིག་སྡུད་ཞིབ་དཔྱོད་སོགས་བརྒྱུད། ཆབ་མདོ་གྲོང་ཁྱེར་གྱིས་2022ལོའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་མ་ཟད། 2023ལོའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་བཀོད་སྒྲིག་ཚོགས་འདུ་དང་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ“ཏང་འཛུགས་སྐྱོང་གི་སྤུས་རྟགས་རྩེ་གྲ་བཅུ”དང“ཕུལ་བྱུང་ཏང་འཛུགས་སྐྱོང་གི་སྤུས་རྟགས”25ལ་བྱང་བུ་སྤྲད་ནས་གཟེངས་བསྟོད་བྱས་པ་དང་འབྲེལ་སྤུས་རྟགས་རོགས་དངུལ་སྒོར་ཁྲི་5སྤྲད་པ་དང་། 《2023ལོའི་ཆབ་མདོ་གྲོང་ཁྱེར་གྱི(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད》དང《ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།