国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月05日

ལའོ་ཆིན་འུའུ་ཡིས་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་གཟིགས་པ་དང་འཚམས་འདྲི་ཞུས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་སླེབས་ལ་ཉེ་བའི་མཚམས་སུ། ཟླ5པའི་ཚེས1ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་གཟིགས་པ་དང་འཚམས་འདྲི་ཞུས་ནས་ཁོ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་། ཁོ་ཚོར་བརྒྱུད་ནས་བོད་སྐྱོར་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་བོད་སྐྱོར་ལས་བྱེད་པའི་ནང་མིར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་ཡོད།

ཁྲུང་ཆིན་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་རུ་དཔོན་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝེ་ཤིན་ཀུའེ་དང་། ཐེན་ཅིན་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་རུ་དཔོན་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཀྲང་ཅན་ཧྭ།

ཧྥུའུ་ཅན་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་རུ་དཔོན་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིག་ཀའོ་ཅོན་བཅས་ཞུགས་ཡོད།

ལའོ་ཆིན་འུའུ་སྔ་རྗེས་སུ་ཐེན་ཅིན་གྲོང་ཁྱེར་དང་ཁྲུང་ཆིན་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་བཅས་ཀྱི་བོད་སྐྱོར་ལས་བྱེད་པའི་སྡོད་གནས་སུ་ཕེབས་ཏེ་བོད་སྐྱོར་ལས་བྱེད་པ་དང་བྱམས་བརྩེའི་གླེང་མོལ་བྱས་ནས་ཁོ་ཚོའི་འཚོ་བ་དང་། ལས་དོན་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རྒྱ་ཆེའི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་ཁྱིམ་ཆུང་དོར་ནས་ཁྱིམ་ཚང་ཆེ་མོའི་ཆེད་དཀའ་ངལ་མཐའ་དག་ཁྱད་བསད་དང་། གཉེན་ཉེ་དང་ཕ་ཡུལ་རྒྱབ་ཏུ་བཞག་ནས་ཏང་དང་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་རྣམ་དག་དང་མེས་རྒྱལ་ནང་སའི་མི་དམངས་ཀྱི་བརྩེ་བ་ཟབ་མོ་བཅས་བསྣམས་ཏེ་ཆབ་མདོར་ཡོང་ནས་ཆབ་མདོའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྲ་བརྟན་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཞེས་གསུངས།

ལའོ་ཆིན་འུའུ་ཡིས་ཚང་མས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་“གཏན་འཁེལ་གཉིས”སྲུང་སྐྱོབ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང་“སྲུང་སྐྱོབ་གཉིས”ལག་ལེན་བསྟར་བའི་ལག་ལེན་གལ་ཆེན་ཞིག་ལ་བརྩིས་ནས་བོད་སྐྱོར་ལས་དོན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་དགོས། སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་བསམ་འདུན་ཕྲག་ཏུ་འཁུར་བ། དགེ་མཚན་འདོན་སྤེལ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་སྐྱོར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་ངང་སྐུལ་འདེད་བཏང་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་བཏོན་ཡོད།