འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་13ཉིན་གྱི་ཕྱི་དྲོ། ངེད་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཏིང་ཟབ་བཅད་དེ་གྲུབ་འབྲས་ཕྱོགས་སྡོམ་བྱས་ནས་དུས་ཚིགས་གཉིས་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཝུའེ་ཤིང་ཀུའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་ཆེད་དོན་འཛིན་གྲྭས་2023ལོའི་དུས་ཚིགས་དང་པོའི་ལས་དོན་སྤེལ་ཚུལ་གནད་དོན་དང་། དཀའ་གནད། འགག་ས། གནད་ས་བཅས་སེལ་དགོས་པའི་རྣམ་གྲངས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ཆེད་དོན་འཛིན་གྲྭའི་ཙུའུ་ཀྲང་གཞོན་པ་དབྱང་དབྱིང་ཚོགས་འདུར་ཞུགས་པ་རེད།
གྲོང་ཁྱེར་ནོར་སྲིད་ཅུས་དང་། གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་སོགས་ཚན་པའི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་པ། ཚོགས་འདུ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་འཚོགས་ཤིང་། ཆབ་མདོར་ཚོགས་ར་གཙོ་བོ་བཙུགས་པ་དང་རྫོང(ཆུས)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད།

