国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年04月18日

ངེད་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4ཚེས14ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་གིས་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་དང་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་2023ལོའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཆེད་དོན་ཚོགས་ཆུང་ཁག་དང་རྫོང་ཆུས་ཁ་ཤས་ཀྱི་དུས་ཚིགས་དང་པོའི་སྒྱུར་བཅོས་ལས་དོན་སྐུལ་འདེད་དངདེ་བཞིན་དུས་ཐེངས་རྗེས་མའི་ལས་དོན་གནས་ཚུལ་ལ་གསན་པ་མ་ཟད། ཐེངས་རྗེས་མའི་གྲོང་ཁྱེར་ཡོངས་ཀྱི་སྒྱུར་བཅོས་ལས་དོན་ལ་བཀོད་སྒྲིག་བྱས་ཡོད་པ་རེད།