འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་9ཉིན།ཆབ་མདོ་གྲོང་ཁྱེར་གྱིས་2022ལོའི་ལོ་འཁོར་གྱི་ཕུལ་བྱུང་གི་གྲོང་གསེབ་དར་རྒྱས་སོགས་ཀྱི་ཆེད་བསྐོས་ལས་བྱེད་པ་ནས་གཞུང་ཞབས་པར་བསྡུ་བའི(བྱ་གཞག་སྒྲིག་ཁོངས་ཀྱི་མི་སྣ)ཡིག་རྒྱུགས་བཏང་བ་རེད། རྒྱུགས་ལེན་ས་ཚིགས་དེ་ཆབ་མདོ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོར་བཙུགས་ཡོད་པ་དང་། ཁྱོན་རྒྱུགས་ར་39དང་རྒྱུགས་ལེན་མཁན་1133ཡོད་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལི་པིན་གྱིས་རུ་སྣེ་ཁྲིད་དེ་རྒྱུགས་རར་སྐོར་གཡེང་བྱས་པ་རེད།