འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་8ཉིན་བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་མཐོ་སློབ་སློབ་ཐོན་སློབ་མའི་གཞུང་ཞབས་པའི་ཡོངས་བསྒྲགས་ཡིག་རྒྱུགས་བཏང་བ་རེད། མི་1076ཡིས་ཆབ་མདོ་རྒྱུགས་སྤྲོད་ས་ཚིགས་སུ་རྒྱུགས་བཏང་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལི་པིན་གྱིས་རུ་སྣེ་ཁྲིད་དེ་རྒྱུགས་རར་སྐོར་གཡེང་བྱས་པ་རེད།
ད་ཐེངས་ཀྱི་ཡིག་རྒྱུགས་དུས་ཡུན་ཉིན་གཅིག་ཡིན་པ་དང་། སྔ་དྲོ་སྲིད་འཛིན་ལས་རིགས་འཇོན་ཐང་གི་ཡིག་རྒྱུགས་དང་ཕྱི་དྲོར་གསལ་བཤད་ཡིག་རྒྱུགས་སྤྲད་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འདིའི་ནང་ཆབ་མདོའི་གཞུང་ཞབས་པའི་ལས་གནས་ཁྱོན་56ཡོད་པ་དང་། རྒྱུགས་སྤྲོད་མཁན་མི་4051ཟིན་པ། ཐོ་འགོད་རྒྱུགས་སྤྲོད་ཀྱི་ཐོབ་ཐང་ཞིབ་བཤེར་གཏན་འབེབས་བྱས་པའི་མི་3205ཡོད་པ་རེད།