འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་7ཉིན། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས“གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ་དང་། གྱོད་གཞིར་བརྟེན་ནས་བསླབ་བྱར་བྱེད་པ། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་མ་གཏོང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་ཆི་དབྱིང་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་《ཚེ་རིང་འགྱུར་མེད་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུའི་སྐོར་གྱི་གཏན་འབེབས》དང《ཚེ་རིང་འགྱུར་མེད་་གཞུང་གནས་ནས་ཕྱིར་འབུད་བཏང་བའི་སྐོར་གྱི་གཏན་འབེབས》བརྡ་ཁྱབ་བཏང་བ་རེད།
ཚོགས་འདུའི་ཐོག་ཆི་དབྱིང་ཧའེ་དང་ཀྲའོ་ཅན་གོ བློ་བཟང་ཡི་ཤེས། ཆི་ཧྥེ། ཡེ་གོ་རུང་། ཡན་ཆི་ཁྲུའུ། བསོད་ནམས་དར་རྒྱས་བཅས་ཀྱིས་མི་སྒེར་གྱི་ཞིབ་བསྡུར་ཞིབ་བཤེར་བྱས་པ་རེད།