འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་གཙོ་གཉེར་བྱས་པའི་2023ལོའི་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་གསེབ་ཀྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཞིང་འབྲོག་ཆེད་ལས་ལག་རྩལ་པའི་གསོ་སྦྱོང་འཛིན་གྲྭ་ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་སུ་སློབ་འགོ་ཚུགས་ཤིང་། རྫོང(ཆུས)ཁག་གི་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་མི་སྣ་དང་ཤང་དང་གྲོང་རྡལ་ཁག་གི་ཞིང་འབྲོག་ཕྱོགས་བསྡུས་ལྟེ་གནས་ཀྱི་འགན་འཁུར་བ་149གསོ་སྦྱོང་ལ་ཞུགས་པ་རེད།
གསོ་སྦྱོང་བྱེད་རིང་རིགས་གཅིག་མཁས་ཅན་གྱིས་ཞིང་འབྲོག་ཆེད་ལས་ལག་རྩལ་མི་སྣར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་གསལ་འགྲེལ་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་གསལ་འགྲེལ། ཞིང་ལས་ཐད་ཀྱི་ཕྱི་ནས་ཡོང་བའི་དངོས་རིགས་ཀྱིས་འཁྱེར་བའི་གནོད་འཚེ་བརྟག་དཔྱད། རྨོ་ཞིང་དང་ས་རྒྱུ་སྦགས་བཙོག་འགོག་བཅོས། ཞིང་ལས་ཀྱི་སྦགས་བཙོག་འབྱུང་རྩ་འགོག་བཅོས། པགས་ནད་སོགས་ཀྱི་ནང་དོན་སློབ་ཁྲིད་བྱས་པ་རེད།
ཤེས་རྟོཌ་བྱུང་བར་གཞིགས་ན། ད་ཐེངས་གསོ་སྦྱོང་གི་དམིགས་ཡུལ་ནི་ཆབ་མདོའི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལག་རྩལ་མི་སྣའི་ལས་སྒོའི་བྱང་ཚད་དང་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་ནས་ཞིང་འབྲོག་ཐོན་རྫས་མཁོ་འདོན་འགན་ལེན་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་ལག་རྩལ་གྱི་འདེགས་སྐྱོར་དང་ཤེས་ལྡན་མི་སྣ་འགན་ལེན་བྱ་རྒྱུ་དེ་རེད།