国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年04月11日

སྨར་ཁམས་རྫོང་གི་རྒུན་ཆང་དང་ཁམ་བུའི་མེ་ཏོག་གི་དུས་ཆེན་སྐབས་ལྔ་པ་འགོ་ཚུགས་པ།

མཛད་སྒོའི་ཐོག་གི་རིག་རྩལ་འཁྲབ་སྟོན།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་8ཉིན། སྨར་ཁམས་རྫོང་གི་རྒུན་ཆང་དང་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་ལྔ་པ་འཇང་མི་རིགས་ཤང་རིག་གནས་ཐང་ཆེན་དུ་འགོ་ཚུགས་ཤིང་། བྱེད་སྒོ་སྤེལ་ཡུན་ཉིན་3དང་དེའི་རིང་ལྕང་ལུང་དུ་མེ་ཏོག་ལ་ལྟ་བ་དང་། རྟ་རྒྱུག་འགྲན་བསྡུར། པི་ཝང་ཞབས་བྲོའི་མཚན་ཚོགས། “ཅཱ་ཅཱ་ཐུག་པའི”ཞིམ་ཟས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

འགོ་ཚུགས་མཛད་སྒོ་འཚོགས་ཡུལ་དུ་སྨར་ཁམས་རྫོང་སྒྱུ་རྩལ་ཚོགས་པ་དང་། འཇང་མི་རིགས་ཤང་རིག་རྩལ་འཁྲབ་སྟོན་རུ་ཁག ཆུ་ཚན་ཁ་ཤང་རིག་རྩལ་འཁྲབ་སྟོན་རུ་ཁག་བཅས་ཀྱི་འཁྲབ་སྟོན་པ་ཚོས་ས་གནས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གླུ་ལེན་གར་འཁྲབ་བྱས་པས་མང་ཚོགས་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་རབ་ཏུ་བཀུག་ཡོད།

འགོ་ཚུགས་མཛད་སྒོའི་ཉིན་མོར་སྨར་ཁམས་རྫོང་གིས་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཚོང་འདུས་གཉེར་བ་དང་རྫོང་ཡོངས་ཀྱི་རྒུན་ཆང་སྣ་ཁ་6དང་ཞིང་ཞོར་ཐོན་རྫས་རིགས་20ལྷག་ཙམ་འགྲེམས་སྟོན་བྱས་ཤིང་། དེ་དང་ཆབས་ཅིག་ད་ཐེངས་ཀྱི་བྱེད་སྒོར་ད་དུང་སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུའི་ལས་དོན་སྤེལ་ནས་ཡུལ་སྐོར་བར་སྟབས་བདེ་བསྐྲུན་པ་མ་ཟད། སྦྲག་སྲིད་མྱུར་སྐྱེལ་གྱིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ཁུངས་གཞི་རྒྱུ་འཁོར་རྒྱུག་དེ་བས་ལེགས་པོ་ཡོང་བ་བྱས་པ་རེད།